དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་གཅར་རྡུང་དང་སྡིགས་མོ་བྱས་ཆོག་མིན་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་གཅར་རྡུང་དང་སྡིགས་མོ་བྱས་ཆོག་མིན་གྱི་གྱོད་དཔེ་དང་འོས་བབས་སློབ་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ངོ་སྤྲོད།

འདིར་དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་གཅར་རྡུང་དང་སྡིགས་མོ་བྱས་ཆོག་མིན་གྱི་གྱོད་དཔེ་དང་འོས་བབས་སློབ་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

ཉིན་ཞིག་དགེ་རྒན་དགེ་འདུན་གྱིས་གཟབ་ནན་གྱིས་སློབ་ཁྲིད་བྱེད་པའི་སྐབས་དེར། སློབ་གྲོགས་སྟག་ལྷས་འགྲམ་གྱི་སློབ་གྲོགས་ཤིག་ལ་ཤབ་ཤུབ་ཀྱི་གཏམ་བཤད་བཞིན་པ་དགེ་རྒན་གྱིས་ཐོས་ཏེ། སློབ་གྲོགས་མང་པོའི་མདུན་ནས་དེ་ལ་སྙིང་ལ་གཟན་པའི་ཚིག་རྩུབ་མོ་འགའ་བཤད། སློབ་གྲོགས་སྟག་ལྷས་ཀྱང་དེ་མུར་དགེ་རྒན་ལ་མི་དགའ་བའི་རྣམ་འགྱུར་ཞིག་བསྟན་པ་ན། དགེ་རྒན་རབ་ཏུ་ཁྲོས་ཏེ་ཁྲིད་དབྱུག་གིས་དེ་ལ་གཅར་རྡུང་དྲག་པོ་ཞིག་བྱས།  དོན་དུ་དགེ་རྒན་གྱིས་ནར་མ་སོན་པའི་སྐྱེ་བོར་གཅར་རྡུང་དང་སྡིགས་མོ་བྱས་ཆོག་གམ། 

3 ཁྲིམས་བཤད།

འདི་ནི་དགེ་རྒན་གྱིས་སློབ་མར་གཅར་རྡུང་དང་སྡིགས་མོ་བྱས་པའི་ཁྲིམ་ལུགས་ཀྱི་མཇུག་འབྲས་གསལ་བོར་སྟོན་པའི་གྱོད་དཔེ་ཞིག་སྟེ། ནར་མ་སོན་པའི་སྐྱེ་བོར་སྐྱོན་ཆ་ཅུང་ཙམ་ཡོད་ནའང་དགེ་རྒན་གྱིས་དེ་ལ་སློབ་གསོ་བཏང་སྟེ་བཅོས་བསྒྱུར་བྱེད་དུ་འཇུག་པ་ལས་དེ་ལ་གཅར་རྡུང་དང་སྡིགས་མོ་གང་ཡང་བྱེད་མི་རུང་།

ནར་མ་སོན་པའི་སྐྱེ་བོར་གཅར་རྡུང་དང་སྡིགས་མོ་བྱེད་པ་ནི་སློབ་སྦྱོང་སྐུལ་ཡས་འདེད་ཀྱི་ནུས་པ་ཐོན་པ་ཕར་ཞོག དེ་དག་གི་མི་གཞིའི་ལར་ཞེན་ལ་གནོད་འཚེ་ཐེབས་པ་མ་ཟད། བྱིས་པའི་ལུས་སེམས་གཉིས་ལ་གནོད་པ་བཟོས་པ་ཡིན་པས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་སུ་དགེ་རྒན་གྱིས་གང་འདོད་དུ་སློབ་མར་གཅར་རྡུང་དང་སྡིགས་མོ་བྱས་མི་ཆོག་པའི་ཁྲིམས་ཀྱི་དོན་ཚན་མང་དུ་གཏན་ལ་ཕབ་ཡོད་པ་སྟེ།

རང་རྒྱལ་གྱི《ནར་མ་སོན་པའི་སྐྱེ་བོར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་གཏན་ཁེལ་ལྟར་ན། སློབ་གྲྭ་དང་། བྱིས་བཅོལ་ཁང་གི་དགེ་བཟོ་བས་ནར་མ་སོན་པའི་བྱིས་པའི་ངོ་སོ་དང་ལ་རྒྱར་བརྩི་འཇོག་བྱེད་པ་ལས།  གང་འདོད་དུ་དེ་ལ་གཅར་རྡུང་དང་སྡིགས་མོ། མི་གཞིའི་ཐོབ་ཐང་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་གཏན་ནས་སྤེལ་མི་རུང་བ་བསྟན་ཡོད། གཞན་ཡང《འོས་བབས་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་པའི་གཏན་ཁེལ་ལྟར་ནའང་།  དགེ་རྒན་གྱིས་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་རིམ་ཁྲོད་སློབ་ཕྲུག་ཡོངས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པར་མ་ཟད།    སློབ་མ་སོ་སོའི་གནས་ཚུལ་མི་འདྲ་བ་ལ་དམིགས་ནས་དེར་བསྟུན་གྱི་སློབ་གསོའི་ཐབས་ལམ་སྤྱད་དེ་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། དགེ་རྒན་གྱིས་སློབ་མའི་མི་གཞི་ལ་བརྩི་བཀུར་བྱེད་པ་ལས་སློབ་མར་དམའ་འབེབས་བྱས་མི་ཆོག་ལ། སློབ་མར་ལུས་ཆད་གཅོད་པ་དང་ངོ་ཚ་གཏོད་པ་སོགས་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་པ་བཟོས་མི་ཆོག་པ་བསྟན་ཡོད། 

དེ་བས་གྱོད་དོན་འདི་ལས་དགེ་རྒན་གྱི་བྱ་སྤྱོད་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ཏེ། དགེ་རྒན་ལ་སློབ་མར་གཅར་རྡུང་དང་སྡིགས་མོ་བྱེད་པའི་དབང་ཆ་མེད་ལ།   གལ་ཏེ་སློབ་མས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་སྤེལ་ནའང་དེ་ནི་ནར་མ་སོན་པའི་སྐྱེ་བོ་ཡིན་པས། དེ་ལ་འོས་འཚམ་གྱིས་སྣེ་ཁྲིད་པ་དང་ཡང་ན་ཐབས་གཞན་ལ་བརྟེན་པ་ལས་ཐད་ཀར་གཅར་རྡུང་དང་སྡིགས་མོ་སོགས་མི་གཞིའི་ཐོབ་ཐང་ལ་གནོད་པའི་ཐབས་ལམ་དྲག་པོར་བརྟེན་མི་རུང་བའི་གནད་དམ་པ་དེ་བོད་ཁམས་ཀྱི་དགེ་རྒན་ཡོངས་ཀྱི་ཐུགས་ལ་འཇགས་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།