ཕ་མ་གཉིས་གཉེན་ཐོར་རྗེས་བྱིས་པའི་གསོ་རྟེན་ཇི་ལྟར་ཐག་གཅོད་དགོས་པའི་སྐོར་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཕ་མ་གཉིས་གཉེན་ཐོར་རྗེས་བྱིས་པའི་གསོ་རྟེན་ཇི་ལྟར་ཐག་གཅོད་དགོས་པའི་སྐོར་གྱི་གྱོད་དཔེ་དང་གཉེན་སྒྲིག་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ​ངོ་སྤྲོད།

འདིར་ཕ་མ་གཉིས་གཉེན་ཐོར་རྗེས་བྱིས་པའི་གསོ་རྟེན་ཇི་ལྟར་ཐག་གཅོད་དགོས་པའི་སྐོར་གྱི་གྱོད་དཔེ་དང་གཉེན་སྒྲིག་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

ལོ་བཞི་ལ་སོན་པའི་བུ་མོ་བཀྲ་ཤིས་སྐྱིད་ཀྱི་ཕ་མ་གཉིས་གཉེན་ཐོར་རྗེས། མོ་རང་ཨ་མ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད།  གྲོས་འཆམ་བརྒྱུད་དེ་ཨ་ཕས་ཟླ་རེར་མོར་གསོ་རྟེན་སྒོར་ཉིས་བརྒྱ་སྟེར་རྒྱུར་ཐག་བཅད་ལ། དེ་ལྟར་ལོ་ངོ་བཅུ་ལྷག་འདས་སོང་།  བུ་མོ་བཀྲ་ཤིས་སྐྱིད་ཀྱང་མཐོ་འབྲིང་གཉིས་པའི་སློབ་མར་གྱུར་འདུག་ལ།  སྐབས་འདིར་ཨ་ཕས་སྟེར་བཞིན་པའི་གསོ་རྟེན་དེས་མོར་གཏན་ནས་མི་འདང་བར་མ་ཟད། ཨ་མའི་བྱ་བའང་ཤོར་བས། མ་སྨད་གཉིས་ཀྱི་འཚོ་བ་ནི་ཧ་ཅང་ཐབས་ཆག་ཏུ་གྱུར། འདི་འདྲའི་གནས་ཚུལ་འོག་ཏུ་བུ་མོ་བཀྲ་ཤིས་སྐྱིད་ཀྱིས་ཧ་ཡང་བཟོ་གྲྭ་ཞིག་གི་སྤྱི་གཉེར་བར་གྱུར་པའི་རང་གི་ཨ་ཕ་ལ་གསོ་རྟེན་ཇེ་མང་དུ་གཏོང་རྒྱུའི་རེ་བ་འདོན་ཆོག་གམ།་ 

3 ཁྲིམས་བཤད།  

གྱོད་དོན་འདི་ནི་གཉེན་ཐོར་བའི་ཕ་མ་གཉིས་ཀྱི་བུ་ཕྲུག་གི་གསོ་རྟེན་ཇི་ལྟར་ཐག་གཅོད་པའི་ཐད་ཀྱི་གནད་དོན་ཞིག་སྟེ།   བུ་མོ་བཀྲ་ཤིས་སྐྱིད་མ་སྨད་གཉིས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མོས་རང་གི་ཨ་ཕའི་རྒྱུ་འབྱོར་བའི་གནས་ཚུལ་ལ་དམིགས་ནས་གསོ་རྟེན་ལ་ཁ་སྣོན་བྱེད་དགོས་པའི་རེ་བ་འདོན་འདོད་པ་དེ་ནི་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་ཏེ། 

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པའི་གཏན་ཁེལ་ལྟར་ན། ཕ་མ་གཉིས་གཉེན་ཐོར་བའི་རྗེས་སུ། ཕྱོགས་གཅིག་གིས་གསོ་བའི་ཕྲུ་གུ་དེར་ཕྱོགས་ཅིག་ཤོས་ཀྱིས་དགོས་ངེས་ཀྱི་གསོ་རྟེན་དང་སློབ་ཡོན་ཆ་ཤས་སམ་ཆ་ཚང་སྤྲོད་པའི་འགན་འཁུར་དགོས་ལ། འགྲོ་གྲོན་ག་ཚོད་སྤྲོད་དགོས་པ་དང་དུས་ཡུན་ཅི་ཙམ་ལ་སྦྲོད་རྒྱུ་ནི་ཕྱོགས་གཉིས་ཀས་གྲོས་འཆམ་གྱིས་ཐག་གཅོད་རྒྱུ་དདང་། གལ་ཏེ་ནང་ཁུལ་ནས་གྲོས་འཆམ་མ་བྱུང་ཚ།  མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཐག་གཅོད་དགོས།  

ཕྲུ་གུའི་གསོ་རྟེན་དང་སློབ་ཡོན་སྐོར་ནས་གྲོས་མཐུན་བཞག་ཟིན་པའམ་ཁྲིམས་ཁང་གིས་ཀྱང་ཐག་གཅོད་བྱས་ཡོད་རུང་།  དགོས་པ་བྱུང་ཚེ་ཕྲུ་གུས་ཕ་མ་གང་རུང་ལ་གཏན་ཁེལ་བྱས་ཟིན་པའི་གསོ་རྟེན་གྱི་ཁ་གྲངས་ཇེ་མང་དུ་གཏོང་བའི་རེ་བ་འདོན་པ་ནི་ཁྲིམས་དང་མཐུན་པ་ཞིག་ཡིན།       

གསོ་རྟེན་གྱི་སྐོར་ལ། ཐོག་མར་ཕ་མ་གཉིས་ཀའི་ཐུན་མོང་གི་འོས་འགན་ཡིན་པ་གསལ་བོར་རྟོགས་དགོས་ཤིང་། བཟའ་ཚང་ཁ་བྲལ་བྱས་པས་དོ་བདག་ཕྱོགས་གཉིས་ཀའི་གཉེན་སྒྲིག་གི་འབྲེལ་བ་བཅད་པ་མ་གཏོགས། བུ་ཕྲུག་དང་ཕ་མ་གཉིས་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ནི་སྔར་བཞིན་གནས་པ་ཡིན། བཟའ་ཚང་ཐོར་རྗེས་ཕྲུ་གུའི་ཕ་མ་གཉིས་གང་རུང་གིས་ཐད་ཀར་གསོ་སྐྱོང་བྱེད་དགོས་ཀྱང་། དོན་དུ་ཕྱོགས་གཉིས་ཀར་ཕྲུ་གུའི་གསོ་རྟེན་ལ་འགན་འཁུར་བའི་འོས་འགན་ཡོད་པས། ཕྲུ་གུ་ཕྱོགས་གཅིག་གིས་ཐད་ཀར་གསོ་སྐྱོང་བྱེད་པའི་སྐབས་ཀྱང་། ཕྱོགས་གཞན་དེས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུའི་དགོས་ངེས་ཀྱི་གསོ་རྟེན་ལ་འགན་འཁུར་དགོས་པས། དུས་ཀྱི་འགྱུར་ལྡོག་དང་བྱིས་པ་གསོ་མཁན་ཕྱོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་འོས་འཚམ་གྱིས་གསོ་རྟེན་གྱི་ཁ་གྲངས་འཕར་སྣོན་བྱེད་དགོས། གསོ་རྟེན་གྱི་ཁ་གྲངས་གཏན་འཁེལ་བྱེད་པར་གཤམ་གྱི་རྒྱུ་རྐྱེན་གསུམ་བློ་གཏོང་དགོས།

(1)ཕྲུ་གྲུའི་དགོས་མཁོ་དངོས་ལ་ལྟ་དགོས།  

(2)ཕ་མ་ཕྱོགས་གཉིས་ཀའི་དཔལ་འབྱོར་གྱི་གནས་ཚུལ་དངོས་ལ་ལྟ་དགོས།

(3)ཕྲུ་གུའི་འཚོ་བའི་ཆུ་ཚད་དེའང་ཕ་མ་གཉིས་ཀྱི་ཡོང་འབབ་དང་བསྟུན་དགོས་པ་བཅས་སོ།།

དེར་བརྟེན། གོང་གི་གྱོད་དོན་འདི་ལ་གཞིགས་ན། བུ་མོ་བཀྲ་ཤིས་སྐྱིད་ཀྱི་ཨ་མའི་དཔལ་འབྱོར་གྱི་ཡོང་ཁུངས་རྩ་བ་ནས་ཆད་པ་དང་།   ཨ་ཕའི་ཡོང་འབབ་གཏན་འཇགས་ཡིན་པས།  ཁོའི་ཟླ་རེའི་ཡོང་འབབ་ཀྱི་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་སུམ་ཅུ་ཙམ་བུ་མོའི་གསོ་རྟེན་བྱེད་དགོས་པས། སྔོན་གྱི་སྒོར་ཉིས་བརྒྱའི་སྟེང་འོས་འཚམ་གྱི་གསོ་རྟེན་ཞིག་སྣོན་དགོས།     བུ་མོ་བཀྲ་ཤིས་སྐྱིད་ཀྱིས་ཨ་ཕར་གསོ་རྟེན་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན་པ་དེ་ནི་ཁྲིམས་མཐུན་གྱི་བྱ་སྤྱོད་དུ་གཏོགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།