ཕ་བུའི་བར་གྱི་ཉར་གསོའི་འབྲེལ་བ་གཅོད་ཆོག་མིན་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཕ་བུའི་བར་གྱི་ཉར་གསོའི་འབྲེལ་བ་གཅོད་ཆོག་མིན་གྱི་གྱོད་དཔེ་དང་ཉར་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་སྟེ་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁྲིམས་ལུགས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ངོ་སྤྲོད།

འདིར་ཕ་བུའི་བར་གྱི་ཉར་གསོའི་འབྲེལ་བ་གཅོད་ཆོག་མིན་གྱི་གྱོད་དཔེ་དང་ཉར་གསོའི་བཅའ་ཁྲིམས་སོགས་གཞིར་བཟུང་སྟེ་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

དགེ་བཟང་བཟའ་ཟླ་གཉིས་ལ་བྱིས་པ་གཅིག་ཀྱང་མ་སྐྱེས་པས།  ལོ་གཉིས་ཅན་གྱི་ཚེ་རིང་ཉར་གསོ་བྱས་ཤིང་།  རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལས་ཀྱང་གཅེས་དྲགས་པས། ཚེ་རིང་ནི་བྱིས་པ་ལང་ཤོར་ཞིག་ཏུ་གྱུར། ཆུང་དུས་ནས་ཕ་མས་ངན་ལང་དུ་བཏང་སོང་བས།    ལོ་ན་ཇེ་ཆེར་སོང་ནའང་སྔར་བཞིན་སློབ་སྦྱོང་མི་བྱེད་པར་མ་ཟད། མ་རབས་སྤྱོད་ངན་ཁོ་ན་ལས་དུས་འདའ་བ་དང་། ཕ་མར་ཚིག་ལོག་བརྒྱག་པའི་ཁར། སྐབས་རེར་ཨ་ཕར་ལག་འགུལ་ཏེ་རྡུང་རེས་ཀྱང་བརྒྱག་པའི་བྱིས་པ་མ་རབས་ཤིག་ཡིན་པས། ཕ་མ་གཉིས་འུ་ཐུག་ནས་བུ་དེ་དང་ཉར་གསོའི་འབྲེལ་བ་གཅོད་རྒྱུའི་སེམས་ཐག་བཅད།   འོ་ན་གནས་ཚུལ་འདི་འདྲའི་འོག་ཏུ་ཉར་གསོའི་འབྲེལ་བ་དེ་གཅོད་རུང་ངམ། 

3 ཁྲིམས་བཤད། 

གྱོད་དོན་འདི་ནི་ཉར་གསོའི་འབྲེལ་བ་གཅོད་ཐབས་སྐོར་གྱི་གནད་དོན་ཞིག་སྟེ།  འདི་ལས་དགེ་བཟང་བཟའ་ཟླ་གཉིས་ཀྱི་གནས་ཚུལ་ནི་དམིགས་བསལ་ཅན་དུ་གཏོགས་པས།    བུ་ཚེ་རིང་དང་ཉར་གསོའི་འབྲེལ་བ་གཅོད་འདོད་པ་དེ་ནི་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཡིན།

རང་རྒྱལ་གྱི《ཉར་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་པ་ནས་ཉེར་བརྒྱད་པའི་བར་གྱི་གཏན་ཁེལ་ལྟར་ན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། ཉར་གསོ་བྱེད་མཁན་གྱིས་རང་གི་ཉར་གསོ་བྱས་པའི་བྱིས་པ་དང་ཉར་གསོའི་འབྲེལ་བ་དེ་གང་འདོད་དུ་གཅོད་མི་ཆོག་ཀྱང་།     གཤམ་གྱི་གནས་ཚུལ་འདི་དག་ལས་ཆ་རྐྱེན་གཅིག་ལྡན་ཚེ། ཉར་གསོའི་འབྲེལ་བ་དེ་བཅད་ཆོག་པར་གཏན་ལ་ཕབ་ཡོད།  

(1)བྱིས་པའི་བདག་པོ་དང་བྱིས་པ་ཉར་གསོ་བྱེད་མཁན་གཉིས་བར་གྱི་གྲོས་མཐུན་ཡི་གེ་དེ་མེད་པར་བཟོ་དགོས་ལ། གལ་ཏེ་ཉར་གསོ་བྱས་པའི་བྱིས་པ་དེ་ལོ་ན་བཅུ་ལས་བརྒལ་ཡོད་ཚེ། བྱིས་པའི་བསམ་ཚུལ་དང་བསྟུན་དགོས།  

ཉར་གསོ་བྱེད་མཁན་གྱིས་བྱིས་པ་གསོ་སྐྱོང་བྱེད་པའི་འོས་འགན་ལག་བསྟར་མ་བྱས་པ་དང་། བྱིས་པར་མནར་གཅོད་གཏོང་བ།  བྱིས་པ་ཁྱིམ་ནས་ཕྱིར་བདའ་བ་སོགས་བྱས་ཚེ།  བྱིས་པའི་བདག་པོས་བྱིས་པ་དང་དེ་ཉར་གསོ་བྱེད་མཁན་བར་གྱི་འབྲེལ་བ་གཅོད་པའི་དབང་ཆ་ཡོད་ལ།     བྱིས་པ་ཉར་གསོ་བྱེད་མཁན་གྱིས་གྲོས་མཐུན་ངང་བྱིས་པ་དང་ཉར་གསོའི་འབྲེལ་བ་གཅོད་པར་ཁས་མ་བླངས་ཚེ།  བྱིས་པའི་བདག་པོས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག 

(3)ཉར་གསོ་བྱེད་མཁན་གྱི་ཕ་མ་དང་བྱིས་པའི་འབྲེལ་བ་ཇེ་སྡུག་ཏུ་སོང་སྟེ་ཁྱིམ་གཅིག་ཏུ་འཚོ་ཐབས་བྲལ་ཚེ།     ད་གཟོད་དེ་དག་གི་ཉར་གསོའི་འབྲེལ་བ་དེ་བཅད་ཆོག་ལ།    ཕྱོགས་གང་གིས་མི་འཐད་པའི་རྣམ་འགྱུར་བསྟན་ཚེ། དེའང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག

མདོར་ན། གོང་གི་གནས་ཚུལ་འདི་འདྲའི་འོག་ནས་དོ་བདག་པས་ཉར་གསོའི་འབྲེལ་བ་བཅད་ཆོག་ལ། གཅོད་པའི་ཐབས་ལམ་ནི་གཉིས་ཏེ། གཅིག་ནི་དོ་བདག་པ་ཕྱོགས་གཉིས་ཀ་ནས་གྲོས་འཆམ་གྱིས་ཉར་གསོའི་འབྲེལ་བ་གཅོད་པའི་ཐབས་དང་ཅིག་ཤོས་ནི་དོ་བདག་པས་ཁྲིམས་ཁང་ལ་གཏུགས་ཏེ་ཉར་གསོའི་འབྲེལ་བ་གཅོད་དུ་འཇུག་པའི་ཐབས་གཉིས་གང་རུང་བརྒྱུད་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།