སྣ་མང་དར་ཤུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣ་མང་དར་ཤུད།
སྣ་མང་དར་ཤུད་ནི་རོལ་མོའི་རམ་འདེགས་དང་བསྟུན་ཏེ་དར་ངོས་ནས་རིས་དབྱིབས་སྣ་ཚོགས་དང་། སྟངས་སྟབས་སྣ་ཚོགས་བསྒྱུར་བའི་སྒྱུ་རྩལ་དང་ལུས་རྩལ་ཟུང་སྡེབ་ཀྱི་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
花样滑冰
ཕྱི་ཡིག་གི་མིང་།
Figure Skating
ཁྱབ་ཁོངས།
ལུས་རྩལ།
1 ངོ་སྤྲོད།

སྣ་མང་དར་ཤུད་ནི་རོལ་མོའི་རམ་སྐྱོར་གྱིས་དར་ངོས་ནས་རིས་དབྱིབས་སྣ་ཚོགས་དང་། སྟངས་སྟབས་སྣ་ཚོགས་བསྒྱུར་བའི་སྒྱུ་རྩལ་དང་ལུས་རྩལ་ཟུང་སྡེབ་ཀྱི་རྣམ་གྲངས་ཤིག་ཡིན། ཤན་འབྱེད་པས་འགུལ་སྐྱོད་བྱང་ཚད་ལ་ལྟོས་ནས་སྐར་གྲངས་ལྟར་ཨང་རིམ་བགར་བ་ཡིན། 

2 དབྱེ་བ། 

སྣ་མང་དར་ཤུད་ཀྱི་འགྲན་བསྡུར་གྱི་རྣམ་གྲངས་ལ། ཕོ་མོ་རྐྱང་ཤུད་དང་། ཟུང་ཅན་གྱི་དར་ཤུད། དར་ངོས་ཀྱི་བྲོ་གར་སོགས་ཡོད། རྐྱང་ཤུད་དང་ཟུང་ཤུད་སྐབས་སུ་གཏན་འཁེལ་གྱི་རི་མོ་བྱེད་དགོས་པ་ལས་གཞན་དུས་ཚོད་ལྟར་རང་མོས་དར་ཤུད་རྫོགས་དགོས། གཏན་འཁེལ་རང་བཞིན་ཅན་གྱི་རི་མོ་ནི་དར་ངོས་སུ་གཟུགས་རིས་སྣ་ཚོགས་ཤུད་པ་ཡིན་ལ། རང་མོས་དར་ཤུད་ནི་མཆོང་ལྡིང་དང་འཁོར་ལྡིང་སོགས་ཀྱི་སྟངས་སྟབས་ཀྱིས་རོལ་དབྱངས་ལ་སྡེབ་ནས་དུས་ཚོད་ལྟར་ཧ་ཅང་མཉེན་ཆ་ལྡན་པའི་སྟངས་སྟབས་མངོན་པ་ཞིག་ཡིན།

3 ལོ་རྒྱུས།

སྣ་མང་དར་ཤུད་ནི་དུས་རབས17པར་ཧོ་ལན་རྒྱལ་ཁབ་ནས་དར་ལ། སྤྱི་ལོ1924ལོར་སྐབས་དང་པོའི་དགུན་ཟླའི་ཨོ་ལུན་ལུས་རྩལ་འགྲན་ཚོགས་ལ་དངོས་སུ་འགྲན་བསྡུར་རྣམ་གྲངས་སུ་ཚུད།

དར་ངོས་ཀྱི་བྲོ་གར་ནི་སྤྱི་ལོ1976ལོའི་སྐབས12པའི་དགུན་ཟླའི་ཨོ་ལུན་ལུས་རྩལ་འགྲན་ཚོགས་སུ་དངོས་སུ་འགྲན་བསྡུར་གྱི་རྣམ་གྲངས་སུ་བཀོད། དེའི་འབྱུང་ཁུངས་ནི་མི་ཟུང་དར་ཤུད་དང་མཛའ་བརྩེ་ལ་འབྲེལ་བ་དམ་ཟབ་ཡོད། འགྲན་བསྡུར་དུ་གོམ་སྟབས་དང་ཉམས་འགྱུར་ཁ་ཤས་ལས་དཔེ་མཚོན་ཅན་གྱི་མི་ཟུང་ཤུད་ཉམས་ཡོང་མི་རུང་། མི་ཟུང་དར་ཤུད་ནི་དར་ཤུད་ལུས་རྩལ་ལས་སྒྱུ་རྩལ་གྱི་ནང་དོན་ཆེས་ཕྱུག་པའི་རྣམ་གྲངས་ཤིག་ཡིན་པ་མ་ཟད། དགུན་ཟླའི་ཨོ་ལུན་ལུས་རྩལ་འགྲན་ཚོགས་སུ་སྒྱུ་རྩལ་དང་ལུས་རྩལ་གཉིས་སྡེབ་ལེགས་པའི་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཀྱང་ཡིན། དར་ངོས་ཀྱི་བྲོ་གར་ལ་གཏན་འཁེལ་རང་བཞིན་ཅན་གྱི་བྲོ་གར་དང་། གསར་གཏོད་རང་བཞིན་ཅན་གྱི་བྲོ་གར། རང་མོས་ཅན་གྱི་བྲོ་གར་བཅས་རྣམ་པ་གསུམ་དུ་འདུ།

4 གྲུབ་འབྲས།

སྣ་མང་དར་ཤུད་ལུས་རྩལ་གྱི་སྔོན་ཐོན་རྒྱལ་ཁབ་ནི་ཨ་རི་དང་། ཁ་ན་ཏ། ཨུ་རུ་སུ། དབྱིན་ཇི་སོགས་ཡིན་ལ། ཀྲུང་གོའི་ལུས་རྩལ་པ་ཁྲིན་ལུའུ། ཧྲིན་ཞོ། ཀྲའོ་ཧོན་པོ་སོགས་ལ་དགུན་ཟླའི་ཨོ་ལུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལས་གྲུབ་འབྲས་གཡུར་དུ་ཟ་བ་་བླངས་ཡོད་དོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།