སྐྱེས་པ་གར་སོང་ཆ་མེད་དུ་གྱུར་ཚེ་བཟའ་འཐོར་ཞུ་གཏུག་བྱས་ཆོག་མིན་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྐྱེས་པ་གར་སོང་ཆ་མེད་དུ་གྱུར་ཚེ་བཟའ་འཐོར་ཞུ་གཏུག་བྱས་ཆོག་མིན་གྱི་གྱོད་དཔེ་དང་གཉེན་སྒྲིག་བཅའ་ཁྲིམས་གཉིས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁྲིམས་ལུགས།
ནང་གསེས།
བཅའ་ཁྲིམས།
ཁ་བྱང་།
སྐྱེས་པ་གར་སོང་ཆ་མེད་དུ་གྱུར་ཚེ་བཟའ་འཐོར་ཞུ་གཏུག་བྱས་ཆོག་མིན་གྱི་གྱོད་དཔེ།
1 ངོ་སྤྲོད།

འདིར་སྐྱེས་པ་གར་སོང་ཆ་མེད་དུ་གྱུར་ཚེ་བཟའ་འཐོར་ཞུ་གཏུག་བྱས་ཆོག་མིན་གྱི་གྱོད་དཔེ་དང་གཉེན་སྒྲིག་བཅའ་ཁྲིམས་གཉིས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ། 

ལོ་ངོ་དུ་མའི་རིང་ལ་ངའི་ཨ་ཅེ་དང་ཁོ་མོའི་སྐྱེས་པའི་བར་ལ་གཅིག་མཐུན་གྱི་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་པ་མ་ཟད་ཕན་ཚུན་ལ་བཟའ་འདང་ཡང་མེད་པར་ས་གྱུར། ཉིས་སྟོང་ལོའི་ཟླ་བཞི་བར་ངའི་ཨ་ཅེ་དང་ཁོ་མོའི་སྐྱེས་པའི་བར་ལ་ཁ་རྩོད་ཆུང་ངུ་ཞིག་བྱུང་རྗེས། ཁོ་མོའི་སྐྱེས་པ་རང་ཁྱིམ་དང་ཁ་བྲལ་ནས་ད་ལྟའི་བར་དུ་གར་སོང་ཆ་མེད་དུ་གྱུར།   ཉི་སྔོན་བདག་གི་ཨ་ཅེ་ཡིས་མི་དམངས་ཁྲིམས་ཁང་ལ་བཟའ་འཐོར་གྱི་ཞུ་གཏུག་ཡི་གེ་བྱིན་ཟིན་མོད། མི་དམངས་ཁྲིམས་ཁང་གིས་གྱོད་དོན་འདི་ལྟ་བུའི་རིགས་དང་ལེན་བྱེད་དམ། 

3 ཁྲིམས་བཤད།       

ཁྱོ་ཤུག་ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་ནས་ཕྱོགས་གཅིག་གིས་བཟའ་འཐོར་ཞུ་གཏུག་བྱེད་པའི་གནད་དོན་ཐད་ལ་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》བཀོལ་སྤྱོད་བྱེད་པའི་སྐོར་གྱི་གནད་དོན་འགའི་བསམ་འཆར་ཞེས་པའི་དོན་ཚན་ང་བདུན་པར་གཏན་ཁེལ་བྱས་ཡོད་དེ། ཁྱོ་ཤུག་ཟུང་གི་ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་ནས་ཕྱོགས་གཞན་གཅིག་གིས་མི་དམངས་ཁྲིམས་ཁང་ལ་གཏུག་ནས་བཟའ་འཐོར་བྱེད་རྒྱུའི་རེ་བ་བཏོན་པ་དང་། ཁྱོ་ཤུག་ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་པའམ་ཡང་ན་ཤི་སོང་བ་ཁྱབ་བསྒྲགས་བྱེད་པའི་རེ་བ་མི་ཞུ་བའི་གྱོད་གཞི་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་པ་མ་ཟད།  གར་སོང་ཆ་མེད་དུ་གྱུར་པའི་མི་ལ་གཏུག་བཤེར་ཡི་གེ་སྤྱི་བསྒྲགས་དང་བསྐྱར་སྤྲོད་བྱེད་དུ་འཇུག་དགོས་ཞེས་གཏན་ཁེལ་བྱས་ཡོད།

གཏན་ཁེལ་འདི་ལ་ནང་དོན་གསུམ་འདུས་ཏེ།  

གཅིག ཁྱོ་ཤུག་ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་ནས་ཕྱོགས་གཞན་གཅིག་གིས་བཟའ་འཐོར་རེ་བ་བཏོན་ཚེ་དེ་ལ་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས།

གཉིས། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པ་བརྒྱུད་སྤྱིར་བཏང་གི་འགྲོ་རིམ་ལྟར་འདྲི་གཅོད་བྱེད་དགོས་པ་ལས་དམིགས་བསལ་གྱི་འགྲོ་རིམ་བསྒྲུབ་མི་ཆོག

གསུམ།  གར་སོང་མི་ཤེས་པའི་མི་ལ་གཏུག་བཤེར་ཡི་གེ་འཕྲོད་ཅི་ཐུབ་བྱེད་དགོས།

གོང་དུ་བརྗོད་པའི་ཁྲིམས་ལུགས་འགྲེལ་བཤད་དེ་གཞིར་འཛིན་དགོས་ཤིང་། ཁྱོད་ཀྱི་ཨ་ཅེ་ཡི་སྐྱེས་པ་གར་སོང་ཆ་མེད་དུ་གྱུར་པ་དོན་དངོས་ཡིན་ཚེ། ས་གནས་མི་དམངས་ཁྲིམས་ཁང་ལ་བཟའ་འཐོར་ཞུ་གཏུག་བྱོས་དང་མི་དམངས་ཁྲིམས་ཁང་གིས་གྱོད་དོན་དེ་བདག་སྤྲོད་བྱེད་ངེས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-11

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།