ཀི་ལིན་ལན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀི་ལིན་ལན་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི217.56ཡོད་པ་དང་། མི་གྲངས་ཁྲི5.65ཡོད་ལ། སྲིད་གཞུང་གནས་ས་ནི་ནོའུ་ཁུ་ཡིན། སྲིད་འཛིན་ས་ཁུལ་ལ་ཀི་ལིན་ལན་ཤར་མ་དང་། ཀི་ལིན་ལན་ནུབ་མ། ཀི་ལིན་ལན་བྱང་མ་བཅས་སུ་དབྱེ་ཡོད་ཅིང་། ད་དུང་མཁར་གྲོང་དང་གྲོང་ཁྱེར་བཅོ་བརྒྱད་དུའང་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格陵兰岛
ཕྱི་ཡིག་གི་མིང་།
Greenland
རྒྱལ་ས།
ནོའུ་ཁུ།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི217.56
མི་གྲངས།
ཁྲི5.65
1 ​ངོ་སྤྲོད།

ཀི་ལིན་ལན་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི217.56ཡོད་པ་དང་། མི་གྲངས་ཁྲི5.65ཡོད་ལ། སྲིད་གཞུང་གནས་ས་ནི་ནོའུ་ཁུ་ཡིན། སྲིད་འཛིན་ས་ཁུལ་ལ་ཀི་ལིན་ལན་ཤར་མ་དང་། ཀི་ལིན་ལན་ནུབ་མ། ཀི་ལིན་ལན་བྱང་མ་བཅས་སུ་དབྱེ་ཡོད་ཅིང་། ད་དུང་མཁར་གྲོང་དང་གྲོང་ཁྱེར་བཅོ་བརྒྱད་དུའང་དབྱེ་ཡོད།

འཛམ་གླིང་གི་ཆེས་ཆེ་བའི་གླིང་ཕྲན་ཞིག་ཡིན་པ་དང་། མེ་གླིང་གི་ཤར་བྱང་ཁུལ་དུ་ཡོད་ལ། བྱང་གི་འཁྱགས་རོམ་རྒྱ་མཚོ་ཆེན་པོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོ་གཉིས་ཀྱི་བར་དུ་ཡོད། གླིང་ཕྲན་གྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ2700ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ1600ཡོད།

གླིང་ཕྲན་ཡོངས་ཀྱི་ས་ཁུལ4/5བྱང་སྣེ་གླིང་དུ་ཡོད་ཅིང་། ས་ཆ85%ལ་འཁྱགས་རོམ་མཐུག་པའི་གཡོགས་ཡོད་པ་དང་འཁྱགས་རོམ་གྱི་མཐུག་ཚད་ལ་ཆ་སྙོམས་སུ་ཕལ་ཆེར་སྨི1500ལྷག་ཡོད་ལ། འཁྱགས་རོམ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ལངས་གཟུགས་མ་ཁྲི269ཡོད། རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི4.4ཡོད་ལ། ཀུང་པེ་ཡོ་ཨུན་རི་བོའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3700གྱིས་མཐོ་བས། མངའ་ཁོངས་ཡོངས་ཀྱི་ཆེས་མཐོ་བའི་རི་བོ་ཡིན།

ནམ་ཟླ་ལོ་ཧྲིལ་བོའི་དྲོད་ཚད0℃མན་ཡིན་པ་དང་། གྲང་ངར་ཆེ་བའི་དུས་སུ-70℃ལ་སླེབས། ཐོན་ཁུངས་སུ་ཞ་ཉེ་དང་ཏི་ཚ། ཆུ་ཤེལ། རྡོ་སོལ། ཡུ། ལྕགས། གཤའ། རྡོ་སྣུམ། གསེར་སོགས་ཡོད། སྲོག་ཆགས་ལ་ཤ་བ་དང་། བྱང་སྣེ་དོམ་དཀར། མཚོ་གཟིག མཚོ་གླང་། མཚོ་བྱ། ཉ་རིགས་སྣ་ཚོགས་ཡོད།

ཀི་ལིན་ལན་ཞེས་པ་ནི་དབྱིན་ཇིའི་སྐད་དུ“ལྗང་མདོག་གི་ས་གཞི”ཞེས་པའི་དོན་དུ་བཤད།

མི་གྲངས་མང་ཆེ་བ་ནི་ཀི་ལིན་ལན་རིགས་ཡིན་པ་དང་། ད་དུང་མི་གྲངས1 /5ཏེན་མག་རིགས་ཡིན། སྐད་ཆ་དང་ཡི་གེ་ནི་ཀི་ལིན་ལན་གྱི་སྐད་དང་ཡི་གེ་ཡིན་ཞིང་། ཏེན་མག་སྐད་ཀྱང་སྤྱོད་རྒྱ་ཆེ། མི་མང་ཆེ་བས་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད།

བརྡ་འགྲེལ་གདོང་འཛར།

ཆབ་སྲིད། རྒྱལ་ཁབ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-11

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།