ཧྥར་གཏོགས་གྷ་ཡ་ན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥར་གཏོགས་གྷ་ཡ་ནའི་ས་ཁུལ་ཏེ། མངའ་ཁོངས་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི9.1ཡོད་ལ། མི་གྲངས་ཁྲི17.75མཆིས། སྲིད་འཛིན་གནས་ས་ནི་ཁ་ཡན་ཡིན། སྲིད་འཛིན་ས་ཁུལ་དུ་སྲིད་འཛིན་ས་ཁུལ་གཉིས་དང་། དེའི་འོག་ཏུ་རིམ་པ་གཉིས་ཀྱི་སྲིད་འཛིན་ཁུལ་དུ་དབྱེ་ཡོད། སྲིད་འཛིན་ས་ཁུལ་གཉིས་ནི་ཁ་ཡན་སྲིད་འཛིན་ས་ཁུལ་དང་། ཧྲིན་ལོ་ལེང་སྲིད་འཛིན་ས་ཁུལ་གཉིས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法属圭亚那
ཕྱི་ཡིག་གི་མིང་།
Guyane Francaise
རྒྱལ་ས།
ཁ་ཡན།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི9.1
མི་གྲངས།
ཁྲི17.75
1 ​ངོ་སྤྲོད།

ཧྥར་གཏོགས་གྷ་ཡ་ནའི་ས་ཁུལ་ཏེ། མངའ་ཁོངས་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི9.1ཡོད་ལ། མི་གྲངས་ཁྲི17.75མཆིས། སྲིད་འཛིན་གནས་ས་ནི་ཁ་ཡན་ཡིན། སྲིད་འཛིན་ས་ཁུལ་དུ་སྲིད་འཛིན་ས་ཁུལ་གཉིས་དང་། དེའི་འོག་ཏུ་རིམ་པ་གཉིས་ཀྱི་སྲིད་འཛིན་ཁུལ་དུ་དབྱེ་ཡོད། སྲིད་འཛིན་ས་ཁུལ་གཉིས་ནི་ཁ་ཡན་སྲིད་འཛིན་ས་ཁུལ་དང་། ཧྲིན་ལོ་ལེང་སྲིད་འཛིན་ས་ཁུལ་གཉིས་ཡིན།

འདི་ཧྥ་རན་སི་རྒྱལ་ཁབ་ཀྱི་ས་ཁུལ་ཆེན་པོ་ཞིག་ཡིན་ཞིང་། མེ་གླིང་ལྷོ་མའི་ཤར་བྱང་ཁུལ་ཀྱི་འཕྲེད་ཐིག་གི་ཉེ་ས་རུ་གནས། ནུབ་ཏུ་སུ་རི་ནེམ་དང་འབྲེལ་ཞིང་། ཤར་དང་ལྷོ་གཉིས་བྷ་རེ་ཟེ་དང་དང་འབྲེལ། བྱང་ཁུལ་ནི་ཞི་བདེ་རྒྱ་མཚོ་ཆེན་པོ་དང་ཉེ་ལ། རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ320མཆིས།

ས་བབ་ནི་ལྷོ་མཐོ་ཞིང་བྱང་དམའ་ལ། ལྷོ་ཁུལ་དུ་དེའུ་འབུར་མང་བ་དང་། ས་བབ་ཅུང་དམའ་བ་ཡིན། མཐའ་མཚམས་སུ་ཐོ་མོ་ཁོ་མ་ཁི་རི་རྒྱུད་ཡོད་ལ། ས་ཁུལ་གཞན་དག་ནི་བདེ་ཐང་ཡིན་ཞིང་། བྱང་ཁུལ་དུ་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་ཀྱི་ཞིང་ས་དང་ན་འདམ་ས་ཁུལ་ཡོད་ཅིང་། ཤར་ཁུལ་གྱི་ཨི་ཡ་པོ་ཁི་གཙང་བོ་དང་ནུབ་ཁུལ་གྱི་མ་ལོ་ཉི་གཙང་བོ་ས་མཚམས་སུ་གྱུར་ཡོད་པ་དང་། གཞན་མ་ན་ཆུ་བོའང་ཡོད་དེ། དེའི་འབབ་རྒྱུན་དྲག་ཅིང་རྦབ་ཆུའང་ཡོད།

ནམ་ཟླ་ནི་ཚ་ཁུལ་གྱི་ཆར་ཆུ་མོད་པའི་གནམ་གཤིས་སུ་གཏོགས་པ་དང་། དུས་ཚིགས་ཀྱི་ཁྱད་པར་མངོན་གསལ་ལྡན། ལོ་རེར་ཆར་ཆུ་ཉུང་བའི་དུས་ཚིགས་གཉིས་དང་། ཆར་ལྡན་གྱི་དུས་ཚིགས་གཉིས་སུ་དབྱེ་ཡོད། ནགས་ཚལ་གྱི་ཁེབས་རྒྱས་སྤྱིའི་རྒྱ་ཁྱོན་གྱི90%ཡན་ལ་སླེབས་པ་དང་། འཛམ་གླིང་གི་ནགས་ཚལ་གྱི་ཁེབས་རྒྱ་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན།

གྷ་ན་ཡ་ཞེས་པའི་མིང་ཐོགས་ཚུལ་ནི། གྷ་ན་ཡ་མི་རིགས་ཀྱི་མིང་ས་ཁུལ་གྱི་མིང་དུ་ཐོགས་པར་བཤད་པ་དང་། གྷ་ན་ཡ་ཞེས་པའི་དོན་ནི“གུས་ལྡན་གྱི་མི”ཞེས་པའི་དོན་དུ་བཤད།

སྡོད་དམངས་ནི་ཁི་ལི་མོར་རིགས་ཀྱིས43%ཟིན་པ་དང་། ཀྲུང་གོའི་མི་དང་། ཧྥ་རན་སིའི་མི། ཧེ་ཐེའི་མི་སོགས་ཀྱང་ཡོད།

སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་ཧྥ་རན་སིའི་སྐད་ཡིན་པ་དང་། ཁི་ལི་མོ་རིགས་ཀྱིས་ཁི་ལི་མིའི་སྐད་བཤད་པ་ཡིན།

མི་གྲངས77.6%གིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དང་། མི་གྲངས4%ཡིས་ཡེ་ཤུའི་ཆོས་ལུགས་གསར་མ་ལ་དད་པ་བྱེད། མི་ཉུང་ཤས་ཤིག་གིས་གདོད་མའི་ཆོས་ལུགས་དང་ཨི་སི་ལམ་ཆོས་ལུགས་ལ་དད་པ་བྱེད།


བརྡ་འགྲེལ་གདོང་འཛར།

ེཆབ་སྲིད། རྒྱལ་ཁབ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-11

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།