བླ་གཟའ་སྲོག་གཟའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་མིས་བྱ་བ་གང་སྒྲུབ་ཀྱང་ཚང་མས་བླ་གཟའ་དང་སྲོག་གཟའ་གཤེད་གཟའ་སོགས་བརྩི་སྲོལ་ཡོད་པ་སྟེ། དེ་ནི་རྩིས་གཞུང་ནས་དར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
བླ་གཟའ་སྲོག་གཟའ།
1 ​ངོ་སྤྲོད།

བོད་མིས་བྱ་བ་གང་སྒྲུབ་ཀྱང་ཚང་མས་བླ་གཟའ་དང་སྲོག་གཟའ་གཤེད་གཟའ་སོགས་བརྩི་སྲོལ་ཡོད་པ་དེ་ནི་རྩིས་གཞུང་ནས་དར་བ་ཞིག་ཡིན་ཞིང་། 

2 བླ་གཟའ་སྒྲུབ་སྟངས།

བྱ་ལས་སྒྲུབ་སྐབས་བླ་གཟའ་དང་སྲོག་གཟའ་གཉིས་འཁེལ་བ་བྱེད་ཀྱི་ཡོད། ཤད་སྲོལ་ལ་སོ་སོའི་བླ་གཟའ་དང་སྲོག་གཟའི་ཉིན་བྱ་བ་གང་ཞིག་སྒྲུབ་ཀྱང་ལམ་ལོང་ཡོང་བར་གགས་པ་ན། བྱ་བ་ཆེན་པོའི་རིགས་སྒྲུབ་སྐབས། ངེས་པར་ང་རང་གི་བླ་གཟའ་འམ་ཡང་ན་སྲོག་གཟའ་འཁེལ་བ་བྱེད་པ་ལས། གཤེད་གཟའི་ཉིན་བྱ་བ་ཆེ་རིགས་སྒྲུབ་སྲོལ་མེད། 

3 ལུང་ཁུངས།

དེ་ཡང་རྩིས་གཞུང་ལས། "བླ་གཟའ་དར་དུས་བྱ་ལས་འགྲུབ། ། སྲོག་གཟར་དགེ་ལ་གཤེད་གཟར་བྱོལ།།"ཞེས་གསུངས་པ་ཇི་བཞིན་ལགས།

རང་གི་བླ་གཟའ་དང་སྲོག་གཟའ་གཤེད་གཟའ་བཅས་ཡང་སྙིང་རེ་གཟའ་གང་ལ་འཁེལ་མིན་ནི་གཤམ་གསལ་གྱི་རེའུ་མིག་དང་རང་གི་ལོ་རྟགས་གཉིས་བསྡུར་ན་རང་ཤུགས་སུ་མཁྱེན་ཐུབ།


གཟའ།   ལོ། བླ་གཟའ། སྲོག་གཟའ། གཤེད་གཟའ།
བྱི་བ། ལྷག དམར། སྤེན།
གླང་། སྤེན། ལྷག ཕུར།
སྟག ཕུར། སྤེན། སངས།
ཡོས། ཕུར། སྤེན། སངས།
འབྲུག ཉི། ལྷག ཕུར།
སྦྲུལ། དམར། སངས། ལྒ
རྟ། དམར། སངས། ལྷག
ལུག སངས། ཟླ། ཕུར།
སྤྲེལ སངས། ཕུར། དམར།
བྱ། སངས། ཕུར། དམར།
ཁྱི། ཟླ། ལྷག ཕུར།
ཕག ལྷག དམར། སྤེན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-11

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།