སྨོན་ལམ་གཏོར་རྒྱག་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་དང་། འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ནས་ལྷ་ས་སྨོན་ལམ་ཆེན་མོའི་རྗེས་འབྲེལ་གཏོར་རྒྱག་བྱ་སྲོལ་ཡོད་པ་ལ་སྨོན་ལམ་གཏོར་རྒྱག་ཅེས་འབོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
སྨོན་ལམ་གཏོར་རྒྱག་དུས་ཆེན།
དུས་ཚེ།
བོད་ཟླ1བོའི་ཚེས་ཉི24ཉིན།
1 ​ངོ་སྤྲོད།

བོད་ཟླ་དང་བོའི་ཚེས་ཉི་ཤུ་བཞི་ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་དང་།  འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ནས་ལྷ་ས་སྨོན་ལམ་ཆེན་མོའི་རྗེས་འབྲེལ་གཏོར་རྒྱག་བྱ་སྲོལ་ཡོད་པ་ལ་སྨོན་ལམ་གཏོར་རྒྱག་ཅེས་འབོད། 

2 གོ་རིམ།

དེ་ཉིན་ཡ་སོར་ཁྲི་བ་ནས་གཡས་རུ་དང་གཡོན་རུའི་རྟ་དམག་རྣམས་སྣེ་ཁྲིད་དེ་ཞོལ་དང་དགོན་གསེབ་ཤར་སོགས་བརྒྱུད།  ར་མོ་ཆེའི་མཚམས་ནས་གཡས་རུ་སྨོན་གྲོང་ཟམ་པའི་ཕྱོགས་དང་གཡོན་རུ་སྨེ་རུའི་མདུན་ནས་རྒྱ་ལྷ་ཁང་སོགས་བརྒྱུད་གདོང་ཆེན་ཟུར་དུ་མཉམ་འཛོམས་ཀྱིས་བླ་བྲང་རྙིང་བའི་མདུན་དུ་གདན་ཁྲིར་འཁོད།  རྒྱན་བཟང་མ་དང་ཁྲུང་ཞུ་མས་ཕུད་གཏོར་ཟིན་རྗེས་ཡ་སོར་ཁྲི་བ་གཉིས་སོ་སོས་ཉེ་ལྟོས་དང་བཅས་པས་རྟེན་འབྲེལ་གྱི་སརྒ་མི་འཆོལ་སླད་རབ་དཀར་ཁ་བཏགས་མགུལ་བ་མཛེས་པར་བྱས་ནས་རེ་ཞིག་བླ་རྙིང་དུ་སྒུག་སྡོད་དང་།  དེ་ནས་རྒྱལ་བའི་བླ་སྟེང་གཟིམ་ཆུང་དུ་ཕེབས་པའི་བརྡ་འབྱོར་བྱུང་མཚམས་རྟ་དམག་རྣམས་ཁྲིམས་ས་སྦོག་སྒར་བར་བསྐྱོད། 

3 གཏོར་རྒྱག་སྟངས།

དེ་སྐབས་དབུས་མདའ་དཔོན་གཉིས་ཀྱིས་སྤྱི་ཁྱབ་དང་གཟིམ་སྦྱོང་བའི་མགོ་བྱེད།  ཟླ་གཅིག་དྲུང་འཁོར་ཞེས་སྨོན་ལམ་གྱི་བྱེད་སྒོ་ཟླ་གཅིག་རིང་སྤ་ལྕོག་བརྒྱབ་ནས་གཟིམ་སྦྱོང་བའི་མགོ་འཛིན་དུ་བསྐོས་པ་དེས་སྣེ་ཁྲིད་བྱས་པའི་སྔར་ལུགས་ལྕགས་ཁྲབ་དང་།  ཕུབ།  མདའ་གཞུ།  མེའི་མདའ་བོ་ཆེ་ཐོགས་པའི་རྐང་དམག་གཟིམ་སྦྱོང་བ་རྣམས་ནས་ཇོ་བོ་དབུ་སྐྲའི་མདུན་དམག་རྩལ་རྩེད་སྲོལ་དང་།  དེ་ནས་ཇོ་བོ་དབུ་སྐྲའི་མདུན་ནས་རྩེ་རྣམ་རྒྱལ་གྲྭ་ཚང་དང་།  སྔགས་ཁང་འབྲས་སྤུངས་སྔགས་པ་གྲྭ་ཚང་གིས་གཏོར་རྒྱག་ཟོར་འཕེན་དུ་བསྐྱོད་སྐབས་དགའ་ལྡན་ཁྲི་བ་དང་།  དེའི་ལོའི་ལྷ་རམས་དགེ་བཤེས།  ཡ་སོར་ཁྲི་བའི་སྣེ་ཁྲིད་རྟ་དམག་དང་རྐང་དམག་གཟིམ་སྦྱོང་བ་བཅས་ཀྱང་གཏོར་རྒྱབ་ཏུ་བསྐྱོད་ནས་གཏོར་ཁུང་སོགས་ཚར་རྗེས།  ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་རི་བོ་བྱ་སྐྱག་དཀར་བོའི་སྟེང་དུ་སྦྲ་གུར་ནག་པོ་ཕུབ་པའི་ནང་བྱ་དེ་དང་ཕག་པའི་རི་མོ་བྲིས་ཡོད་པ་དང་།  ལྷ་སའི་ནུབ་ངོས་ཀྱི་ནོར་སྟོད་གླིང་ཁ་བརྒྱུད་ནས་བོད་བཟོས་མེ་སྒྱོགས་བཅུ་ཙམ་སྦྲ་གུར་ལ་འཕེན་གྱི་ཡོད།  རི་སྟེང་དུ་མདེའུ་སྒུག་མཁན་གར་ཕྲུག་པ་བཞག་ཡོད་ཅིང་གལ་སྲིད་མེ་སྒྱོགས་ཀྱི་མདེའུ་སྒྲ་གུར་ལ་ཕོག་ན་སྨོན་ལམ་ཆེན་མོ་འཕར་མ་ཚོགས་དགོས་ཀྱི་ཡོད།  གཏོར་རྒྱག་གྲུབ་རྗེས་དེ་མཚམས་གཞུང་ཞབས་པ་རྣམས་བླ་སྟེང་དུ་སླར་ཚོགས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་སོན་པའི་ལོ་དེའི་དགེ་བཤེས་རྣམས་ལ་མཚན་རྟགས་ཨང་རིམ་གཞིར་བཟུང་ལེགས་དར་དང་གནང་ཆ་མང་ཉུང་རིམ་བཞིན་སྤྲོད་པའི་སྲོལ་འདུག


བརྡ་འགྲེལ་གདོང་འཛར།

སྨོན་ལམ། ར་མོ་ཆེ། གཡོན་རུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།