སྤྲེལ་ལོ་སྤྲེལ་ཟླ་ཤར་བའི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་ཆེན་འདི་ནི་གཙོ་བོ་ལྷ་སའི་ས་ཁུལ་དུ་རོལ་བའི་ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་ལ་སྤྲེལ་ཟླ་དུས་ཆེན་ཞིག་ཡོད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་སྲོལ་རྒྱུན།
མིང་།
སྤྲེལ་ལོའི་སྤྲེལ་ཟླ་ཤར་བའི་དུས་ཆེན།
དུས་ཚེ།
བོད་ཟླ5བའི་ཚེས15ཉིན།
1 ​ངོ་སྤྲོད།

དུས་ཆེན་འདི་ནི་གཙོ་བོ་ལྷ་སའི་ས་ཁུལ་དུ་རོལ་བའི་ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་ལ་སྤྲེལ་ཟླ་དུས་ཆེན་ཞིག་ཡོད་པ་དེ་ཡིན།

2 རོལ་སྟངས།

དེ་ནི་ལོ་དེའི་བོད་ཟླ5བའི་ཚེས15ཉིན་འབྲས་སྤུངས་དགོན་འདབས་ཀྱི་གནས་ཆུང་དགོན་པར་གནས་ཆུང་ཆོས་སྐྱོང་དང་། དགའ་གདོང་། བསྟན་མ། ཕུ་ཤུར། དན་བག་ཞང་ཁོ། ཡལ་སྣའི་ཀླུ་བཙན། པ་རི་བཙན་ཁང་། རྒྱང་མཁར།  གདོང་དཀར་ཨ་རིལ་སོགས་ལྷ་ཁག་རྣམས་ཀྱི་སྐུ་རྟེན་ལ་ལྷ་ཁོག་ཞུགས་ཀྱིས་གནས་ཆུང་དགོན་པར་བསྐོར་བར་འགྲོ་བ་དང་། དེ་དུས༧གོང་ས་སྐྱབས་མགོན་མཆོག་ཀྱང་གནས་ཆུང་དགོན་པར་ཕེབས་ཀྱི་ཡོད།  དེ་ཉིན་སེ་ར་དགོན་པར་ཡང་ཀརྨ་ཤག་ཆོས་སྐྱོང་དང་ཉང་བྲན་རྒྱལ་ཆེན་གྱི་གཙོ་སྐྱོང་འོག་ལྕགས་རོང་དང་། གཙང་རལ། ལྕགས་གྲོངས། ཉང་བྲན་གྲ་ཕྱི་ཤར། དོག་བདེའི་གཞི་བདག སྐུ་འབུམ་ཐང་སོགས་ཀྱི་ལྷ་ཕེབས་མཁན་རྣམས་སེ་ར་ཚོགས་ཆེན་མདུན་ལ་ཕེབས་ཏེ་སེ་རའི་གླིང་སྐོར་དུ་འགྲོ་བ་དང་དེ་སྐབས་ལྷ་བདག་ཁང་ཚན་སོ་སོའི་ཁང་ཚན་ནས་ལྷ་དེར་ཞལ་ཇ་ཞེས་ཇ་ཁུ་གྲང་མོ་དང་སྙན་དར་འབུལ་སྲོལ་ཡོད་པ་རེད།


བརྡ་འགྲེལ་གདོང་འཛར།

སྤྲེལ་ཟླ། ལྷ་ས། བཙན་ཁང་། བསྟན་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-12

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།