སྟོན་པ་གཤེན་རབ་ཀྱི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ལོ་སར་གྱི་ཚེས5ཉིན་ནི་གཙང་གི་སྨན་རི་དགོན་པ་ནས་རྒྱལ་བ་མཉམ་མེད་པ་ཆེན་པོའི་འཁྲུངས་སྐར་ཡིན་པར་ངོས་བཟུང་ནས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
སྟོན་པ་གཤེན་རབ་ཀྱི་དུས་ཆེན།
དུས་ཚེ།
བོད་ཀྱི་ལོ་གསར་གྱི་ཚེས5ཉིན།
1 ​ངོ་སྤྲོད།

བོད་ཀྱི་ལོ་སར་གྱི་ཚེས5ཉིན་ནི་གཙང་གི་སྨན་རི་དགོན་པ་ནས་རྒྱལ་བ་མཉམ་མེད་པ་ཆེན་པོའི་འཁྲུངས་སྐར་ཡིན་པར་ངོས་བཟུང་ནས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་དུས་ཆེན་ཞིག་ཡིན།

2 རྣམ་པ།

སྐབས་དེར་ནམ་མཁའ་ནས་ཉི་ཟླ་སྐར་གསུམ་མཉམ་དུ་འཆར་བ་ཡིན་པས་མཐའ་བསྐོར་ཀྱི་དད་ལྡན་མང་ཚོགས་དང་ཐག་རིང་གི་མགྲོན་པོ་མང་བོ་ལྟད་མོ་དང་མཇལ་ཁ་ཞུ་རུ་ཡོང་གི་ཡོད།

དེ་བཞིན་དུ་ཨ་མདོ་རྔ་བའི་སྣང་ཞིག་དགོན་པ་ནས་ཀྱང་ཚེས་ལྔའི་ཉིན་སྟོན་པ་མཉམ་མེད་ཆེན་མོ་ཕྱིར་དགོན་པར་ཕེབས་པའི་རྟེན་འབྲེལ་དུ་དགོན་པའི་གྲྭ་ཤག་སོ་སོའི་སྒོ་ཁར་དཀར་ཐིག་འཐེན་པ་དང་། རང་རང་གི་མཆོད་ཁང་དུ་འབྱོར་ཚོད་ཀྱིས་མཆོད་པ་བཤམས་པ་དང་གདང་བ་འདིང་བ་སོགས་བྱེད།

ཁྲི་ཀའི་སྟོང་ཆོས་ཕྱོགས་སུ་ཡང་རྒྱ་ལོའི་ཚེས་ལྔར་སྟོན་པ་མཉམ་མེད་ཆེན་པོའི་འཁྲུངས་སྐར་རོལ་སྲོལ་ཡོད་པ་སོགས་ཀྱིས་མཚོན་པའི་བོན་གྱི་དུས་མཆོད་མང་བོ་ཞིག་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-12

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།