སྐར་མ་རི་ཥིའི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་མ་རི་ཥི་ཞེས་པ་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་འདི་ཡིན་ཅིང་། ལྷའི་སྨན་པ་ཡིན་པར་བཤད་ལ། དེའི་བདེན་སྟོབས་ཀྱིས་སྐར་མ་འདི་ཤར་བ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
སྐར་མ་རི་ཥིའི་དུས་ཆེན།
དུས་ཚེ།
བོད་ཟླ8པའི་ནང་།
1 ​ངོ་སྤྲོད།

སྐར་མ་རི་ཥི་ཞེས་པ་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་འདི་ཡིན་ཅིང་།  ལྷའི་སྨན་པ་ཡིན་པར་བཤད་ལ།  དེའི་བདེན་སྟོབས་ཀྱིས་སྐར་མ་འདི་ཤར་བ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད་པའི་དུས་ཆེན་ཞིག་ཡིན།

2 ནང་དོན།

རི་བྱི་ནི་རི་ཥིའི་ཟུར་ཆག་པ་ཡིན།

དེ་ཡང་། སྤྱིར་རང་རེ་བོད་ཀྱི་ཆུ་བོ་ནི་ཡན་ལག་བརྒྱད་ལྡན་ཡིན་པ། མཆིམས་མཛོད་ལས་བསིལ་དང་ཞིམ་དང་ཡང་བ་དང་། འཇམ་དང་དྭངས་དང་དྲི་ང་མེད།། འཐུང་ན་མགྲིན་པ་ལྟོ་བ་ལ།། མི་གནོད་ཡན་ལག་བརྒྱད་ལྡན་ཆུ།། ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་གཞུང ( བཻ་སྔོན) ལས་རི་བྱི་ཤར་བས་དུག་མེད་པ།། ཉིན་མཚན་གཉིས་ཀ་སྦྱངས་ཆུ་བཏུང་།། དྭངས་བ་དྲི་མེད་ཆུ་ཞེས་པ།། དྲི་མེད་དྲི་མ་སེལ་གྱུར་བ།། མི་འགྲུབ་རྩུབ་པ་མ་ཡིན་པ།། བཏུང་བ་ལ་སོགས་བདུད་རྩིར་མཚུངས།། ཞེས་གསུངས་པ་ལྟར་སྐར་མ་རི་བྱི་ཤར་བས་ཆུ་བོ་དང་རྫིང་བུ་སོགས་ལ་གནས་པའི་གནོད་པ་ཞི་ཞིང་། དུག་མེད་པ་ཉིད་དུ་འགྱུར་བས། དེ་སྐབས་ཁྲུས་ལ་ཞུགས་ན་གཟུགས་པོར་ཕན་ཆ་ཆེ་ཞིང་བདུད་རྩི་སྨན་ཆབ་ཀྱི་འཕྲོད་བསྟེན་ལྟ་བུར་འགྱུར་པའི་ཕྱིར། དམངས་ཁྲོད་་དུའང་སྐར་མ་རི་བྱི་ཤར་སོང་།

3 བཤད་ཚུལ་མི་འདྲ་བ།

སྨན་པའི་དགོས་པ་མི་འདུག་ཅེས་བཤད་སྲོལ་དང་། ལོ་ལྟར་འཆར་ཅན་བོད་ཟླ་བརྒྱད་པའི་ཚེས་ཤར་ཙམ་ནས་བཟུང་། དེ་སྔ་གཟིམ་ཆུང་ཆབ་ཞུགས་ཞེས་རྒྱལ་དབངཐམས་ཅད་མཁྱེན་པ་ཆབ་ལ་ཞུགས་པའི་མཛད་སྒོར་གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་ནོར་གླིང་གཟིམ་ཆུང་ཉི་འོད་དུ་མདོ་སྦུག་ཁྱད་མེད་ཀྱི་གསོལ་སྟོན་ཉིན་ལྔ་དང་། རྩེ་སྐོར་ཉིན་བཅུའི་རིང་གསོལ་ཚིགས་བཞེས་སྤྲོ་སོགས་གཏོང་སྲོལ། མཐའ་མའི་ཉིན་ཕོ་བྲང་གི་མཐོངས་སྡིངས་ཆའི་སྟེང་བསང་བུམ་ཐོག་ཚད་ཙམ་བསླངས་ཏེ་བསང་གི་དུད་སྤྲིན་བར་སྣང་དཀྲིགས་པའི་དབུས་སུ་ཀི་བསྭོའི་ལྷ་རྒྱལ་བཏང་སྟེ་གྲོལ། དེ་རྗེས་བཀའ་ཤག་དང་། ཡིག་ཚང་། རྩེ་ཤོད་ཕྱག་མཛོད། བླ་ཕྱག་ལྷ་གཉེར། ཞོལ་གཉེར་སོགས་ལས་ཁུངས་ཁག་གི་སྤྲོ་ཆེན་དང་། 

དགོན་སྡེ་སོ་སོའི་ཆབ་ཞུགས་ཞེས་གཏོང་སྲོལ་ཡོད་ལ། དམངས་ཁྲོད་དུའང་གུར་དང་། བྱ་གཡབ། ལེབ་ཐང་། ཇ་ཆང་ཟས་རིགས་སྣ་ཚོགས་སོགས་རང་རང་འཁོས་དཔག་གི་ཆ་རྐྱེན་ལ་གཞིགས་ཏེ་གླིང་གཏོང་ཆུ་བརྒལ་དང་། མལ་གདན་གྱོན་ཆས་འཁྲུ་བ་སོགས་ཀྱི་བྱེད་སྒོ་མ་སྐུལ་རང་མོས་ཀྱིས་སྤེལ་ནས་དུས་ཆེན་གང་སྐྱིད་གཏོང་སྲོལ་བཟང་བོ་ཞིག་ཆགས་ཡོད་པ་དེ་ནི་ད་ལྟའི་བར་ཡང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་ཚང་མས་མཐོང་ཆོས་སུ་གྱུར་བ་ལགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།