འོང་སྐོར་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཟླ7པའི་ཚེས་ཆ་གང་བཟང་ཞིག་ལ་ལྷ་ས་འོང་སྐོར་ཞེས་པ་དེ་སྔའི་ལྷ་སའི་མི་དཔོན་གཉིས་དང་དཀོར་གཉེར་དཔོན་གྱིས་མགོ་ཁྲིད་ནས་ཇོ་བོའི་ན་བཟའ་གདན་ཞུས་ཀྱིས་ཞིང་སྐོར་རྒྱག་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བདོ་ཀྱི་དམངས་སྲོལ།
མིང་།
འོང་བསྐོར་དུས་ཆེན།
དུས་ཚེ།
བོད་ཟླ7པའི་ཚེས་ཆ་གང་བཟང་།
1 ​ངོ་སྤྲོད།

བོད་ཟླ7པའི་ཚེས་ཆ་གང་བཟང་ཞིག་ལ་ལྷ་ས་འོང་སྐོར་ཞེས་པ་དེ་སྔའི་ལྷ་སའི་མི་དཔོན་གཉིས་དང་དཀོར་གཉེར་དཔོན་གྱིས་མགོ་ཁྲིད་ནས་ཇོ་བོའི་ན་བཟའ་གདན་ཞུས་ཀྱིས་ཞིང་སྐོར་རྒྱག་པའི་དུས་ཆེན་ཞིག་ཡིན།

2 ནང་དོན།

ཉིན་དེར་ཞིང་བ་ཕོ་མོ་རྒན་གཞོན་རྣམས་ཞོགས་སྔ་ལངས་ཀྱིས་ཁྲུས་དང་རྒྱན་གོས་སོགས་གང་ལེགས་ཀྱིས་སྤྲས་ཏེ་སེར་སྲུང་སྔགས་པའམ་ལག་སྟོད་པས་རྟ་ཐོག་སྲིད་པ་འཁོར་ལོ་དང་ཕ་མ་གཉིས་འཛོམས་ཀྱི་བུ་གཅིག་དང་བུ་མོ་གཅིག་གིས་རྟ་ཐོག་མདའ་དར་བཅས་ཁྱེར་བའི་རྗེས་སུ་རྒྱལ་བའི་བཀའ་བསྟན་པོད་རེ་རྒྱབ་ཏུ་ཁུར་བའི་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཞིང་སྐོར་རྒྱག་པའི་སྔར་སྲོལ་བྱེད་སྒོ་མཐའ་དག་ཉིན་ཕྱེད་གོང་ཚར་བ་བྱས།

དེ་ནས་ཞིང་ཁའི་ཉེ་འདབས་གང་བཟང་ཞིག་ལ་གུར་དང་ཡང་ན་གདན་ལྕོག་སྒྲིག་ཆས་གྲ་སྒྲིག་བྱས་པའི་སར་ཇ་ཆང་དང་ཟས་སྣའི་སྟོན་མོ་གང་རྒྱས་བཤམས་ཤིང་རྐང་བྲོ་གླུ་གཞས་དང་རྟ་རྒྱུག་རོལ་རྩེད་སོགས་གང་དགའ་གང་སྐྱིད་ཀྱི་དཔལ་ལ་རབ་ཏུ་རོལ་ནས་ས་མ་རུབ་ཙམ་ལ་བསང་མེ་སྦར་ཏེ་ཀི་བསྭོའི་ལྷ་རྒྱལ་བཏང་ནས་གྲོལ་སྲོལ་དང་། ཉིན་གཉིས་པར་ལག་པ་དང་གཞིས་མགོའི་འཐུས་མི་བཅས་ཀྱིས་རྒྱལ་དབང་ཐམས་ཅད་མཁྱེན་པར་མཇལ་ཁ་དང་འབྲེལ་ལོ་ཏོག་གི་བང་བ་གཟིགས་འབུལ་ཞུ་སྲོལ་ཡོད། འོང་སྐོར་ཞེས་པ་ནི་ཞིང་བའི་དགའ་སྟོན་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་བའི་དུས་ཆེན་ཞིག་ཡིན་ལ། དུས་ཆེན་འདི་ནི་བོད་ཁུལ་གྱི་ས་ཆ་མང་བོར་ནམ་ཟླའི་དབང་གིས་དུས་ཚོད་མི་འདྲ་བའི་ནང་ལ་གཏོང་སྲོལ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་བ། རྒན་གཞོན། འོང་བསྐོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།