ལབ་ཙེ་དུས་ཆེན
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཁམས་ཡོངས་སུ་དར་བའི་ལབ་ཙེ་བསྟོད་པའི་དུས་ཆེན་ནི་བོད་མིའི་ཡུལ་གོམས་གཤིས་ལུགས་སུ་གོ་གནས་གལ་ཆེན་བཟུང་བའི་འཇིག་རྟེན་པའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
ལབ་ཙེ་དུས་ཆེན།
དུས་ཚེ།
བོད་ཟླ6པའི་ཚེས17ཉིན།
1 ​ངོ་སྤྲོད།

བོད་ཁམས་ཡོངས་སུ་དར་བའི་ལབ་ཙེ་བསྟོད་པའི་དུས་ཆེན་ནི་བོད་མིའི་ཡུལ་གོམས་གཤིས་ལུགས་སུ་གོ་གནས་གལ་ཆེན་བཟུང་བའི་འཇིག་རྟེན་པའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན།

2 ནང་དོན།

དེ་ནི་བོད་ཙམ་དུ་མ་ཟད་བོད་བརྒྱུད་ནང་བསྟན་དར་བའི་སོག་པོ་ལའང་ཡོད། རྣམ་པའི་ཐོག་ནས་བལྟས་ན། དབུས་གཙང་ཕྱོགས་སུ་རྡོ་བརྩིགས་རྒྱབ་པའམ་རྡོ་ཕུང་ཆེན་པོ་གཅིག་གམ། ཡང་ན་འགའ་ཤས་སྲུངས་ནས་ཡོད་པའི་ཐོག་ཏུ་དར་ལྕོག་དང་། དར་རྡང་ལ་ཅོད་པན་དང་བལ་སོགས་སྒྲོན་ནས་ཡོད་ལ། ཨ་མདོའི་ཕྱོགས་སུ་གཙོ་བོ་མདའ་དང་མདུང་། རལ་གྲི་སོགས་ཕྱོགས་གཅིག་ཏུ་སྤུངས་ཡོད་པ་མ་ཟད་བལ་ཚན་དཀར་དམར་སེར་གསུམ་གྱི་རྨུ་ཐག་འཐེན་ཏེ་དར་ལྕོག་འཛུགས་སྲོལ་ཡོད།

ས་ཆ་དང་སྡེ་བ་སོ་སོས་ལོ་རེ་བཞིན་བོད་ཟླ་བཞི་བའི་ཚེས་བཅུ་གཅིག་དང་། ལྔ་བའི་ཚེས་བཞི་དང་། ཡང་ན་དྲུག་པའི་བཅོ་ལྔའམ་བཅུ་བདུན་སོགས་དུས་ངེས་ཅན་ཞིག་ལས་བོད་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཤས་ཆེ་བར་འདོད། ཉིན་དེར་སྐྱེས་པ་རྣམས་ཀྱིས་འཕྱོར་ལྭ་གང་འཛོམས་བཀླུབས་ནས་ཡུལ་ལྷ་བཞི་བདག་ལ་མཆོད་རྒྱས་པ་འབུལ། རླུང་རྟའི་དར་ལྕོག་འཛུགས། ཤོག་བུའི་རླུང་རྟ་བར་སྣང་དུ་སྟོར་ཞོར་རླུང་རྟ་འཕེལ་ཞིང་གེགས་དང་བར་ཆད་ཟློག་པའི་སྨོན་ལམ་སྣ་ཚོགས་འདེབས་ཤིང་ཀི་ཀི་བསོ་བསོ་ཡི་ལྷ་རྒྱལ་འཐེན་པ་ལ་སོགས་བྱས་མཐར་མྱི་དགའ་ལྷ་དགའ་ཞེས་དགའ་དགའ་སྐྱིད་སྐྱིད་བྱེད་སྲོལ་ཡོད།།

འདི་ནས་ཞུ་རྒྱུ་ཞིག་ལ་ད་ལྟའི་ཚོང་བ་རྣམས་ནས་ཡོང་སྒོའི་ཆེད་དུ་རླུང་རྟ་ཁྲ་ཁྲ་རིགས་སྣ་ཚོགས་ཤིག་བཟོས་ཡོད་པ་ལས་ལ་ལའི་སྟེང་དུ་སྒྲོལ་མ་སོགས་སྐུ་འདྲ་དང་གཟུངས་སྔགས་སྣ་ཚོགས་ཤིག་དཔར་ཡོད་པ་ནི་མཁའ་ལ་སྟོར་བ་ས་ལ་བབས་ནས་རྐང་བས་བརྫིས་ན་ཤིན་ཏུ་ནས་མི་རུང་བ་ཡིན་པས་གཟབ་པར་འཚལ། ཤོག་བུའི་རླུང་རྟ་ནི་སྟག་སེང་ཁྱུང་འབྲུག་གི་མཐའ་སྐོར་བའི་རླུང་རྟས་རང་རང་གི་འབྱུང་བའི་བྱེད་ལས་དང་མཐུན་པར་ཁྱེད་ལ་ཁ་རྗེ་རླུང་རྟ་དར་བའི་ཁ་འཛིན་བྱེད་པ་ཡིན་ནོ།།

3 གོ་དོན་གཞན།

མདོ་སྨད་བོད་པ་རྣམས་ནི་བཙན་པོའི་དུས་སྐབས་ཀྱི་མཐའ་མཚམས་སྲུང་བའི་དམག་གི་རྒྱུད་པ་ཡིན་པས་ཐེ་བོ་ཁོག་ལྟ་བུར་མཚོན་ན་དགྲ་ལྷའི་དཔའ་ཆང་ཞེས་ཆང་རག་བཞེས་སྲོལ་ཡོད་པ་མ་ཟད། དགྲ་ལྷའི་དམག་འདྲེན་ཞེས་སྐྱེས་པ་ཚེས་ལག་དུ་མདའ་མདུང་རལ་གྲི་སོགས་ཐོགས་ནས་དམག་བྲོའམ་དམག་རྩེད་དེའཁྲབ་སྟོན་བྱེད་ཅིང་དམག་གླུའང་ལེན་པ་བཅས། དེང་གི་དུས་འདིར་ཡང་གནའ་བོའི་ལུགས་ལྟར་སྤྱོད་པའི་བོད་སྤྱིའི་དུས་ཆེན་ཞིག་རེད།


བརྡ་འགྲེལ་གདོང་འཛར།

ལབ་ཙེ། དགྲ་ལྷ། བཙན་པོ། དམག་བྲོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།