དགོངས་རྫོགས་ཚོགས་མཆོད་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་རྫོགས་མཆོད་པར་དམིགས་ཏེ་བཙུགས་པ་དང་། ལོ་རེའི་ཟླ་གཉིས་པའི་ཉིན་བཅུ་གནམ་གསལ་མཆོད་སྦྱིན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་སུ་དབྱེ་བའི་ཆོད་སྐོར་གོས་སྐུ་ཞལ་འབྱེད་པའི་ཉིན་མོ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
དགོངས་རྫོགས་ཚོགས་མཆོད་ཆེན་མོ།
དུས་ཆེན་གྱི་ཉི་མ།
བོད་ཟླ་གཉིས་པའི་ནང་།
1 ​ངོ་སྤྲོད།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་རྫོགས་མཆོད་པར་དམིགས་ཏེ་བཙུགས་པ་དང་། ལོ་རེའི་ཟླ་གཉིས་པའི་ཉིན་བཅུ་གནམ་གསལ་མཆོད་སྦྱིན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་སུ་དབྱེ་བའི་ཆོད་སྐོར་གོས་སྐུ་ཞལ་འབྱེད།

2 གོ་རིམ།

གཙུག་ལག་ཁང་དུ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་གདན་དྲངས་ནས་མཆོད་འབུལ་བསྙེན་བཀུར་མཛད། ཕྱིས་སུ་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་འགའི་འདས་མཆོད་འཕར་མར་འཁེལ་བའི་ལོ་ལྟར་ཧོར་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ནས་ཚེས་སུམ་ཅུ་བར་ཉིན་རེར་གསོལ་ཚོགས་སྨོན་ལམ་རྒྱ་ཆེན་པོ་སྒྲུབ་ཅིང་། དེའི་སྐབས་སུ་དགེ་བཤེས་ཚོགས་རམས་པ་རྣམས་ཀྱིས་དམ་བཅའ་འཇོག་པའི་སྲོལ་རྒྱུན་ཆགས་ལ། གྲྭ་ས་སྨོན་ལམ་ཆེན་མོའི་ལམ་ལྟར་དགེ་འདུན་འདུས་ཚོགས་ལ་ཉིན་བཅུའི་རིང་ཚོགས་མཆོད་དང་ཚོགས་མཆོད་སེར་སྒྲེང་གི་མཆོད་རྫས་རིན་ཐང་ཅན་སྟོང་ཁྲག་བརྒལ་བ་བཤམས་སྦྱོར་གནང་བ་བཅས་དུས་མཆོད་གསར་འཛུགས་དང་ཚོགས་མཆོད་ཀྱི་བཅའ་ཡིག་བྱང་ཆེན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་མཛད། ཚེས25ཉིན་དགོངས་རྫོགས་ཀྱི་ཚེས་ཆ་དངོས་གཞིར་བརྟེན་གཞུང་གི་ཇ་ཐུག་སོགས་གཟབ་རྒྱས་དང་འབྲེལ་སྔར་ལམ་བླ་ཕྱག་ནས་གཞུང་གི་སྐུ་འགྱེད་ཌམ་དཀར་རེ་དང་། རྩེ་གཟིམ་ཆུང་ནས་སྤྱན་གསལ་སྐུ་འགྱེད་ཌམ་དཀར་རེ་དང་། གསོལ་ཇ། བཞེས་ཐུག་འབྲས་ཚ་བཅས་ཡོད། ཕྱག་དང་བསྐོར་བ་བྱེད་མཁན་གྱི་དད་ལྡན་མང་ཚོགས་ཀྱང་མང་དུ་འདུ་བའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།