མ་ཎིའི་ཞག་བརྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཎིའི་ཞག་བརྒྱ་ཅེས་པ་ནི་འབྲོག་ཡུལ་མི་སྡེ་སྤྱི་དང་ཁྱད་པར་དུ་རྫ་དཔལ་སྤྲུལ་རྡོ་འབུམ་ཁར་མི་མང་བོ་ཚོགས་ཏེ་ཆོས་བྱེད་པའི་དུས་ཚིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
མ་ཎིའི་ཕྱག་བརྒྱ།
དར་ཡུལ།།
ཁམས་ཕྱོགས།
1 ངོ་སྤྲོད།

མ་ཎིའི་ཞག་བརྒྱ་ཅེས་པ་ནི་འབྲོག་ཡུལ་མི་སྡེ་སྤྱི་དང་ཁྱད་པར་དུ་རྫ་དཔལ་སྤྲུལ་རྡོ་འབུམ་ཁར་མི་མང་བོ་ཚོགས་ཏེ་ཆོས་བྱེད་པའི་དུས་ཚིགས་ཤིག་རེད།

2 བྱུང་རིམ།

སྔོན་གྱི་དུས་སུ་མ་ཎི་ཞག་བརྒྱ་ཞེས་ཞག་མ་བརྒྱར་ཚོགས་སྲོལ་ཡོད་ལ། ད་ལྟ་ནག་སྒར་ཁག་གམ་དགོན་སྡེ་ཁག་ཏུ་འབྲོག་ཡུལ་སོ་སོའི་ཕོ་མོ་རྒན་གཞོན་དང་དར་གཞོན་རྣམས་རེས་མོས་སུ་འདུས་ཤིང་། ཟླ་བ་གཅིག་ཙམ་གྱི་རིང་ལ་དགོན་གྱི་སློབ་དཔོན་གང་རུང་གི་མདུན་ནས་སྨྱུང་བར་གནས་པའི་སྡོམ་པ་བླངས་ཏེ། སྨྱུང་བར་གནས་བཞིན་དུ་ལས་ཀྱི་སྒྲིབ་པ་སྦྱང་། ཉིན་སྔ་མར་ཕྱི་དྲོའི་ཁ་ཟས་སྤང་བ་དང་། ཉིན་ཕྱི་མར་བཟའ་བཏུང་ཚང་མ་སྤང་ཞིང་ཕྱག་འཚལ་བ། ངག་གི་སྒྲིབ་པ་སྦྱང་བའི་སླད་དུ་ཉིན་ཕྱི་མར་གཏམ་མི་སྨྲ་ཞིང་མ་ཎི་གསོག་པ་དང་། ཡིད་ཀྱི་སྒྲིབ་པ་སྦྱང་སླད་སློབ་དཔོན་གྱི་མདུན་ནས་མ་ཎི་བཀའ་འབུམ་གྱི་བཀའ་ཆོས་ཞུ་ཞིང་བློ་སྦྱོང་བྱེད་ཀྱི་ཡོད་པ་རེད།

3 འབྲེལ་ཡོད་ཀྱི་སྲོལ་རྒྱུན།

མ་ཎིའི་ཞག་བརྒྱའི་དུས་དེ་སྙེད་ཀྱི་རིང་ལ་དགོན་པ་སོ་སོའི་བླ་གྲྭ་ཕལ་ཆེ་བའང་ཚོགས་སུ་ཕེབས་ཤིང་དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་སྤྱན་རས་གཟིགས་སྒྲུབ་པའི་ཆོ་ག་གཏོང་སྲོལ་ཡོད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།