བཅོ་ལྔའི་མཆོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒོར་གཞས་དང་གླུ་གཞས་བཏང་ནས་མཚན་གང་བར་སྡོད་སྲོལ་ཡོད་པ་དེ་ལ་ཡོངས་གྲགས་སུ་བཅོ་ལྔའི་མཆོད་པའི་དུས་ཆེན་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
བཅོ་ལྔའི་མཆོད་པ།
དུས་ཆེན་གྱི་ཉི་མ།
བོད་ཟླ1པོའི་ཚེས15ཉིན།
1 ​ངོ་སྤྲོད།

བོད་ཟླ་དང་བོའི་ཚེས་བཅོ་ལྔ་ཉིན་ནི་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་སྔར་འཕགས་ཡུལ་གྱི་མཉན་ཡོད་གནས་ཞེས་བྱ་བར་མཉམ་མེད་ཤཀྱཱའི་རྒྱལ་བོས་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང་། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལྭ་བ་ཅན་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་བྱས་ཏེ་དམ་པའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་དུས་ཁྱད་པར་ཅན་དེ་ལ་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན།

ཉིན་དེར་གཙུག་ལག་ཁང་གི་འཁྱམས་རར་གདན་ས་ཆེན་པོ་གསུམ་གྱི་བླ་སྤྲུལ་དང་དགེ་འདུན་རྣམས་ཉིན་གུང་སྐམ་ཚོགས་སྨོན་ལམ་ཆེན་མོའི་མཆོད་འབུལ་དང་། དགོང་དྲོ་བར་སྐོར་ཁོར་ཡུག་ཏུ་དེ་སྔའི་གཞུང་ཕྱོགས་དང་། རྒྱུད་གྲྭ་སྟོད་སྨད། བླ་བྲང་ཆེ་ཁག སྡེ་དཔོན་མི་དྲག་སོགས་མཆོད་པའི་འཁྲི་ཁུངས་སོ་སོས་མར་ཚོན་ལས་གྲུབ་པའི་མཆོད་སྤྲིན་ཚར་དུ་དངར་བ་སྒྲིག་གཤོམ་བྱེད་ཅིང་མཆོད་ཁྲི་མཐོ་ཚད་ཐོག་བརྩེགས་གཉིས་ནས་གསུམ་བར་ཡོད་པ་དང་། མཆོད་ཁྲི་སོ་སོའི་མདུན་དུ་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་བཤམས་ཡོད་ཅིང་། མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མར་ཚོན་ལས་གྲུབ་པའི་རྒྱས་སྤྲོས་ཁང་བཟང་བཀོད་པས་རབ་ཏུ་ཕྱུག་པའི་ནང་མཉམ་མེད་ཤཱཀྱའི་རྒྱལ་བོའི་སྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཆོད་པའི་ལྷ་མོ་དགའ་མགུའི་གར་རྩེད་ཀྱི་རྣམ་པ་འཆང་བ། ཚེ་རིང་རྣམ་དྲུག མཐུན་པ་སྲུན་བཞི། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། ཧྭ་ཤང་སྦྱིན་བདག་སོགས་ཀྱི་མདུན་ནམ་མཁའི་སྐར་ཚོགས་ཐང་ལ་ཉིལ་འདྲའི་མར་མེའི་ཕྲེང་བས་མཛེས་པར་བྱས་ཤིང་། གོང་ས་མཆོག་དང་། སྲིད་སྐྱོང་། བཀའ་ཤག་བཅས་མཆོད་གཟིགས་གྲུབ་འཕྲལ་ཐག་རྒྱ་གློད་པ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་རྣམས་འཚང་ག་ཤིག་ཤིག་གིས་མཆོད་པ་མཇལ་བར་འགྲོ་བ་དང་། ཉེ་འཁོར་གྲོང་གསེབ་གྲིབ་པ་དང་། ར་མ་སྒང་པ་ཚོ་དང་ཚོ་བྱས་ནས་བྱིན་རླབས་ཀྱི་ཚན་ཁ་ཡོངས་སུ་འབར་བའི་བརྗིད་ཆགས་ཆེ་བའི་མཆོད་སྤྲིན་གྱི་མདུན་དུ་། སྒོར་གཞས་དང་གླུ་གཞས་བཏང་ནས་མཚན་གང་ལ་སྡོད་སྲོལ་ཡོད་པ་དེ་ལ་ཡོངས་གྲགས་སུ་བཅོ་ལྔའི་མཆོད་པ་ཞེས་འབོད་པ་ཡིན་ནོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།