ཨ་བྱག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཨ་བྱག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐྱེ་དངོས།)

ཨ་བྱག
རྩྭ་ལྡུམ་ཨ་བྱག་གཟེར་འཇོམས་དང་ཨ་བྱག་ཚེར་སྔོན་གཉིས་ཀྱི་སྤྱི་མིང་། འདི་གཉིས་ཀའི་རྩ་ལོ་མེ་ཏོག་དང་བཅས་པ་སྨན་དུ་འགྲོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旋复花
དབྱིན་ཡིག་གི་མིང་།
name of a medicine
མིང་གི་རྣམ་གྲངས།
ཨ་བྱག་གཟེར་འཇོམས། མེ་ཏོག་གུར་གུམ། ཨ་བྱག་སེར་པོ། ལུག་མིག་སེར་པོ། ལྡུམ་བུ་ཁྲག་གཏར།
ཁོངས་གཏོགས།
རྩྭ་སྨན་གྱི་རིགས།
1 ​ངོ་སྤྲོད།

འཁྲུངས་དཔེ་ལས། མེ་ཏོག་ཨ་བྱག་ཅེས་བྱ་བ། ། སྲིབ་མའི་ན་སྤང་དག་ལས་སྐྱེ། ། ལོ་མ་སྤུན་རྩུབ་རྣོ་ལ་གྱོང་། ། སྡོང་པོ་གདུགས་ཀྱི་ཡུ་བ་འདྲ། ། རོ་ནི་ཅུང་ཟད་ཁ་བ་ཡིན། ། རང་གི་ནུས་པས་ལྷོག་པ་འཇོམས། ། ཞེས་རྩ་བ་ནག་པོ་ཐུང་ལ་སྤུ་ཅན་དེ་ལས་ངར་བ་དམར་སྐྱ་ཕྲ་མཉེན་སྤུ་ཆུང་ཡོད་པ་གདུགས་ཡུ་ལྟར་སྐྱེ་ཞིང་། རྩེར་མེ་ཏོག་དམར་སེར་ཟེའུ་འབྲུ་ལུག་མིག་ལྟ་བུར་འདབ་མ་སྦྲུལ་ལྕེའི་དབྱིབས་ཅན་གུར་གུམ་གྱི་མེ་ཏོག་དང་མཚུངས་པར་མངོན་པ། ལོ་མ་སྒྲོ་དབྱིབས་ཁ་དབྲག་ཅན་རེག་བྱ་རྣོ་ལ་རྩུབ་པ་རྟིང་པ་ནས་གྱེས་ཤིང་། དེ་སྣ་ནང་དུ་བཅུག་ན་སྣ་ཁྲག་ཐེབས་ངེས་པས་ལྡུམ་བུ་ཁྲག་གཏེར་ཡང་ཟེར། 

2 སྐྱེ་གནས།

མཚོ་ངོས་ལས་སྨི4000-5000བར་གྱི་ཁ་མཐོའི་སྐམ་ས་དང་སྤང་ལ་སྐྱེ།

3 སྦྱར་བྱ།

སྤྱི་ཟླ་བདུན་པ་བརྒྱད་པ་པའི་དུས་སུ་མེ་ཏོག་བཏུས་ནས་སྔོ་ཆོལ་དམའ་ཕབ་སྟེ་བསིལ་སྐམ་བྱ།

4 ངོ་བོ།

རོ་ཁ་ངོ་བོ་བསིལ།

5 ཕན་ནུས།

མགོ་ཆག་གསོ་ཞིང་ཆུ་སེར་སྐེམ་པ་དང་། གཉན་ཚད། སྟོངས་ཚད། ཁྲག་འཁྲུགས་སོགས་གཟེར་རིགས་འཇོམས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།