གྲང་གསེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲང་གསེར་ཞེས་ཆུ་གྲང་མོའི་ནང་འདུལ་སྦྱངས་བྱས་ཟིན་པའི་གསེར་ཐད་ཀར་སྦངས་ཏེ་ཐང་ག་དང་ལྡེབས་རིས་འབྲི་སྐབས་གསེར་རིས་རྒྱག་པ་དང་འཇིམ་སྐུ་དང་གསེར་ཟངས་ཀྱི་སྐུ་འདྲ་སོགས་ལ་ཞལ་གསེར་བསྒྲོན་པ་སོགས། མདོར་ན་ལྕགས་རིགས་ཀྱི་གསེར་དེ་དག་ཚོན་གྱི་རྣམ་པར་འགྱུར་ཏེ་སྐུ་འདྲ་སོགས་ལ་རིན་ཆེན་གསེར་གྱི་ཁ་མདོག་འདོན་བྱེད་ཀྱི་བྱུགས་རིས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པའི་གསེར་གྱི་སྤྱོད་སྟངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

མིང་།
གྲང་གསེར།
ཁོངས་གཏོགས།
སྒྱུ་རྩལ།
1 གོ་དོན།

གྲང་གསེར་ཞེས་ཆུ་གྲང་མོའི་ནང་འདུལ་སྦྱངས་བྱས་ཟིན་པའི་གསེར་ཐད་ཀར་སྦངས་ཏེ་ཐང་ག་དང་ལྡེབས་རིས་འབྲི་སྐབས་གསེར་རིས་རྒྱག་པ་དང་འཇིམ་སྐུ་དང་གསེར་ཟངས་ཀྱི་སྐུ་འདྲ་སོགས་ལ་ཞལ་གསེར་བསྒྲོན་པ་སོགས། མདོར་ན་ལྕགས་རིགས་ཀྱི་གསེར་དེ་དག་ཚོན་གྱི་རྣམ་པར་འགྱུར་ཏེ་སྐུ་འདྲ་སོགས་ལ་རིན་ཆེན་གསེར་གྱི་ཁ་མདོག་འདོན་བྱེད་ཀྱི་བྱུགས་རིས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པའི་གསེར་གྱི་སྤྱོད་སྟངས་ཤིག་ཡིན།

2 འདུལ་ཐབས།

གྲང་གསེར་གྱི་འདུལ་ཐབས་ཐད་སྔར་གྱི་བཟོ་རིགས་ཡིག་ཆར་ངོ་སྦྲོད་གནང་བ་བཞིན་རགས་ཙམ་ཞུས་ན། གསེར་ལ་རླན་ཅུང་ཟད་ཕབ་ལ་ལེགས་པར་རྡུང་དེ་ནས་ཆུ་ཚན་གྱིས་ཚྭའི་བྲོ་བ་མེད་པར་བཀྲུས་ཏེ་ཚྭ་ཞུ་འདོན། དེ་ནས་སྤྱིན་གསེར་གྱི་འབུན་འགྱུར་ཙམ་བསྲེས་ལ་གཏུན་བཟང་པོར་དུལ་བུར་རྡུང་། ཅ་ག་དག་པོས་རྡུལ་མ་ཤོར་བ་དང་གཏུན་ཁུང་དང་གཏུན་རྡོ་འཐབ་པའི་རྡོ་ཕྱེ་མ་ཤོར་བ། བརྡུང་བ་ལས་བསྐོར་དྲུད་མི་བྱ། དེ་ལྟར་བསྣུར་ལེན་ཚྭ་གཡའ་གཅོད་ཆང་། དག་བྱེད་སུག་པ་བཅས་རིམ་པས་སྤྱད་ནས་གསེར་འདུལ་བའི་ལས་འགྲུབ་པ་དང་། གསེར་སྲང་རེ་རེའི་ཚད་ལ་སྤྱིན་ལེགས་པ་སྐམ་པོ་ཞོ་རེ་བཏང་བའི་དམ་སྦྱར་བའི་ལྡེ་གུ་ལི་སྡེར་དུ་ཁྲག་ཆགས་པ་ལྟར་བསིལ་སྐམ་བྱས་ནས་བེད་སྤྱོད་བྱེད་ཆོག་ཆོག་གི་གྲང་གསེར་འགྲུབ་པའོ།།

བརྡ་འགྲེལ་གདོང་འཛར།

གྲང་གསེར། འདུལ་ཐབས། འདུལ་སྦྱངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།