ཀོ་བསེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོ་བསེ།
ཀོ་བསེ་བཟོ་བའི་ལག་རྩལ་ནི་ཆེས་སྔ་མོ་ནས་ཡོད་ཚུལ་གསུངས་ལ་གཙོ་ཆེར་རྒྱུན་གཏན་གྱི་འཚོ་བའི་ནང་བེད་སྤྱོད་ཆེ་བའི་གའུ་དང་ཀོ་སྒམ། དེ་བཞིན་ཟས་སྣོད་ཀོ་སྡེར་ དང་བསེ་ཕུབ་སོགས་བཟོ་ཡི་ཡོད་པ་མ་ཟད། དད་ལྡན་གྱི་སྐུ་འདྲ་ཡང་བཞེངས་སྲོལ་ཡོད་དེ་དགོན་སྡེ་དང་དམངས་ཁྲོད་དུ་ཀོ་བསེ་ལས་བཟོས་པའི་སྐུ་འདྲ་ཆེ་ཆུང་སྣ་ཚོགས་དེང་ཡང་མཇལ་རྒྱུ་ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཀོ་བསེ།
ཁོངས་གཏོགས།
སྒྱུ་རྩལ།
1 ངོ་སྤྲོད།

ཀོ་བསེ་བཟོ་བའི་ལག་རྩལ་ནི་ཆེས་སྔ་མོ་ནས་ཡོད་ཚུལ་གསུངས་ལ་གཙོ་ཆེར་རྒྱུན་གཏན་གྱི་འཚོ་བའི་ནང་བེད་སྤྱོད་ཆེ་བའི་གའུ་དང་ཀོ་སྒམ། དེ་བཞིན་ཟས་སྣོད་ཀོ་སྡེར་ དང་བསེ་ཕུབ་སོགས་བཟོ་ཡི་ཡོད་པ་མ་ཟད། དད་ལྡན་གྱི་སྐུ་འདྲ་ཡང་བཞེངས་སྲོལ་ཡོད་དེ་དགོན་སྡེ་དང་དམངས་ཁྲོད་དུ་ཀོ་བསེ་ལས་བཟོས་པའི་སྐུ་འདྲ་ཆེ་ཆུང་སྣ་ཚོགས་དེང་ཡང་མཇལ་རྒྱུ་ཡོད་པ་མ་ཟད། སྔར་བོད་ཀྱི་དགོན་སྡེ་དང་པོ་བསམ་ཡས་གཙུག་ལག་ཁང་ཐོག་མར་བཞེངས་དུས་དབུ་རྩ་ལྷ་ཁང་གི་ཨར་སྐྲུན་དང་ནང་རྟེན་གྱི་བཟོ་རྩལ་རྒྱ་གར་དང་རྒྱ་ནག་བོད་ཀྱི་ལུགས་གསུམ་ལ་དབྱེ་ནས་བཞེངས་ཡོད་པ་ལས། བར་ཐོག་རྒྱ་ནག་ལུགསད་ཀྱི་སོ་ཕག་ལས་འགྲུབ། ཨར་སྐྲུན་དང་སྐུ་རྟེན་གྱི་བཟོ་ལུགས་རྒྱ་ནག་གི་ལུགས་བགྱིས་པ་ལ་སྐུ་འདྲའི་རྒྱུ་ཆ་ནི་བ་མེན་གྱི་ཀོ་བ་ལས་བྱས་པའི་ཀོ་བཟོའི་བཟོ་རྩལ་བེད་སྤྱད་བྱས་ཡོད་ལུགས་ལོ་རྒྱུས་དེབ་ཐེར་སྦ་བཞེད་ནང་གསལ་དུ་བཀོད་ཡོད་པ་མ་ཟད། སྐབས་དེ་དུས་ཀོ་བསེའི་ལྷ་སྐུ་བཞེངས་པའི་བཟོ་རྩལ་ལ་དར་སྲོལ་ཅུང་ཆེ་ཙམ་ཡོད་པའི་དཔང་རྟགས་སུ། རྗེ་འབངས་ཉེར་ལྔའི་སྲས་ལྷོ་བྲག་ནམ་མཁའ་སྙིང་པོའི་ཕྱག་བཟོར་གྲགས་པ་བསམ་ཡས་གཙུག་ལག་ཁང་གི་རྟེན་ཁྱད་འཕགས་གྲས་གུ་རུ་རིན་པོ་ཆེའི་ཀོ་བསེའི་འདྲ་སྐུ་དེང་གི་ཆར་ང་ཚོའི་འདྲེན་བྱེད་ཡུལ་དུ་ཕྲ་ལེམ་མེར་བཞུགས་ཡོད།

ཀོ་བསེའི་བཟོ་རྩལ་ཐད་རྒན་རབས་མྱོང་བ་ཅན་གྱི་གསུང་ལས་སྣོད་ཆས་ཀྱི་རིགས་དང་སྐུ་འདྲའི་རིགས་གང་ཞིག་བཟོ་དགོས་ཀྱང་། ཐོག་མར་རྫ་ས་ལས་སྣོད་ཆས་དང་སྐུ་འདྲའི་བཟོ་ལྟ་གང་འདོད་ཅིག་བཟོ་དགོས་པ་དང་། རྫ་ས་ལས་ཟས་སྣོད་སྡེར་མ་དང་སྒམ་ཡང་ན་སྐུ་འདྲ་གང་ཞིག་བཟོ་འདོད་པའི་འདྲ་དབྱིབས(ཞིབ་ཕྲའི་རྒྱན་སྤྲོས་མ་བཀོད་པར)རགས་ཙམ་བཟོས་རྗེས་སྐམ་ནས་སོ་བཏང་དགོས་ཀྱི་ཡོད། དེ་རྗེས་ཀོ་བ་རློན་པ(བ་མེན་གྱི་ཀོ་བ་ཡག་ཤོས་སུ་བརྩི)མཐུག་པོ་ཤ་སྐྱི་གཉིས་ཀ་བཅད་དེ་རྫ་ས་ལས་བཟོས་པའི་སྣོད་ཆས་ཀྱི་འདྲ་གཟུགས་ཡང་ན་སོ་བཏང་བའི་རྫ་སྐུའི་ཕྱི་ནས་གཡོགས་པ་དང་། སྣོད་ཆས་ཀྱི་ཁའམ་རྫ་སྐུར་གཡོགས་པའི་ཀོ་བ་ཡས་མས་ཀྱི་མཐུད་མཚམས་ལ་རྩི་སྐུད་ཀྱིས་རན་པ་ཙམ་བསྡུས་ཏེ་བསྐམ་ནས་འཇོག་དགོས། དེ་ནས་ནང་རྫོང་དུ་ཡོད་པའི་རྫ་སྐུའམ་རྫ་སྣོད་བཅག་ནས་ཆག་རོ་ཕྱིར་འདོན་དགོས། དེ་ནས་ཟངས་ཆུས་བཀང་བའི་ནང་དུ་ལྡིང་ཐག་ལ་བཏང་སྟེ་སྟེང་འོག་གང་ལའང་མ་རེག་པར(ལག་པར་ཆུ་ལ་མ་རེག་པར་གཟབ་དགོས)རླངས་བཙོས་བརྒྱབ་སྟེ་ཡུན་ཙམ་སོང་རྗེས་ཟངས་སྣོད་ཀྱི་ཕྱི་ལ་བཏོན་ཏེ་ཕྱི་ལ་བཟོ་ལྟ་ཅི་དགོས་སུ་གཏོད་ལ་གྲིབ་སྐམ་སུ་བཞག་ནས་སྐམ་མཐར་ཁ་གྲིས་དྲས་ནས་འབུར་གཤོང་མེད་པར་བྱེད་དགོས།  ཟས་སྣོད་ཀོ་སྡེར་དང་བསེ་ཕུབ་སོགས་ཡིན་ན་དེ་མཚམས་སུ་ཚོན་རིས་བྱའོ།། ཀོ་བསེའི་སྐུ་འདྲ་ཡིན་ན་དེ་ནས་ཕྱི་ངོས་སུ་ཤོག་འདམ་འཇམ་པོས་བཟོ་བཅོས་སྤྲས་ཏེ་ན་བཟའི་གོས་རིས་དང་རྒྱན་སྤྲོས་སོགས་ཞིབ་ཕྲའི་བཟོ་དབྱིབས་རྣམས་ཞིབ་རྒྱས་གང་དགོས་བཞིན་བཏོན་གྱི་ཡོད། ཀོ་བསེ་བཟོ་བའི་དུས་ཡག་ཤོས་ནི་སོས་ཀའམ་སྟོན་སེར་དུས་སུ་ཡིན་པར་གསུངས།  བཟོ་རྩལ་དེ་རིགས་དེང་གི་ཆར་ཉམས་ནས་རྩ་བརླག་ལྟ་བུར་སོང་ཡོད།

རས་བསེ་འམ་དར་བསེ་ནི་དེང་དུས་བེད་སྤྱོད་ཅུང་ཆེ་ལ་བཟོ་རྒྱུན་ཡང་སྔར་སྲོལ་བཞིན་གནས་ཐུབ་ཡོད།

བརྡ་འགྲེལ་གདོང་འཛར།

ཀོ་བསེ། ལག་རྩལ། གའུ། ཀོ་སྒམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།