གསེར་ཐང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ4ཡོད།

གསེར་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཐང་ག)

གསེར་ཐང་།
གསེར་ཐང་ནི་རི་མོ་འབྲི་བའི་རས་གཞི་ལ་གསེར་ལེབ་བྱུགས་བྱས་རྗེས་དེའི་སྟེང་དུ་གང་འདོད་པའི་བརྗོད་བྱ་རྣམས་མཚལ་ལམ་ལི་ཁྲིའི་བཅད་ལ་རྟེན་ནས་འབྲི་བཞེངས་བྱ་ལ། སྤྱན་ཙམ་མ་ཟད་ཕལ་ཆེར་བཅད་ཁོ་ནས་གྲུབ་པའི་རིགས་ཤིག་གོ།
གཞི་རྩའི་གནས་ཚུལ།

མིང་།
གསེར་ཐང་།
ཁོངས་གཏོགས།
སྒྱུ་རྩལ།
1 ​གོ་དོན།

གསེར་ཐང་ནི་རི་མོ་འབྲི་བའི་རས་གཞི་ལ་གསེར་ལེབ་བྱུགས་བྱས་རྗེས་དེའི་སྟེང་དུ་གང་འདོད་པའི་བརྗོད་བྱ་རྣམས་མཚལ་ལམ་ལི་ཁྲིའི་བཅད་ལ་རྟེན་ནས་འབྲི་བཞེངས་བྱ་ལ། སྤྱན་ཙམ་མ་ཟད་ཕལ་ཆེར་བཅད་ཁོ་ནས་གྲུབ་པའི་རིགས་ཤིག་གོ།

2 རྒྱས་འགྲེལ།

གསེར་ལེབ་བྱུག་བྱས་པའི་གཞི་གདན་སྟེང་མི་སྣའི་ན་བཟའི་གོས་ཆེན་གྱི་རི་མོ་དང་སེང་ཁྲིའི་པ་ཏྲ། རིགས་ལྔའི་དབུ་རྒྱན་ཁང་བཟང་གི་རྒྱ་ཕིབས་སོགས་གསེར་ལས་བྱས་ཤིང་།   གཞན་རྣམས་ཐམས་ཅད་ཚོན་ཐང་དང་མཚུངས་པ་དང་། གོས་ཆེན་གྱི་རི་མོ་སོགས་ལ་གཟི་པིར་གྱིས་པ་ཏྲ་སྣ་ཚོགས་འབྲི་ཡི་ཡོད། དེ་ལ་ཡང་རྒྱས་བསྡུས་སྣ་ཚོགས་ཤིག་ཡོད་པ་ནི་ཡོན་བདག་གི་འབྱོར་བ་སོགས་ལ་འབྲེལ་བ་ཡོད་དོ།། རི་མོ་གསར་རྩོམ་ཁྲོད་གསེར་ངོ་མ་ལས་བྱས་པའི་ཚོན་རྒྱུ་བེད་སྤྱད་དེ་འབྲི་བཞེངས་བྱེད་ཚུལ་འདི་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྒྱུ་རྩལ་ཁྱད་ཆོས་ཉག་གཅིག་ཡིན་ལ། དེས་བོད་ཀྱི་རི་མོར་མཛེས་ཆ་དམིགས་གསལ་ཅན་ཐོན་པ་མ་ཟད་རྒྱུ་སྦྱོར་གྱི་རིན་ཐང་ཡང་མཐོ་རུ་བཏང་བ་ཞིག་རེད།


བརྡ་འགྲེལ་གདོང་འཛར།

གསེར་ཐང་། ཐང་ག རས་གཞི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།