ཁ་ཙེའི་ཇོ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ཙེའི་ཇོ་བོ།
ཁ་ཙེའི་ཇོ་བོའམ་མཁར་རྩེའི་ཇོ་བོ་ཞེས་མངའ་རིས་རྩ་མདའ་རྫོང་རྩ་རང་ཁོངས་སུ་གནས། ལོ་རིན་ཆེན་བཟང་པོའི་ཡབ་ཆེན་གཤེགས་པའི་རྟེན་སྐལ་དུ་ཡབ་ཀྱི་སྐུ་ཚད་དང་མཉམ་པ་རིན་ཆེན་ལྕགས་རིགས་སྣ་ལྔ་ལས་གྲུབ་པ་དང་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་སྐུ་འདྲ་བཞེངས་སྟབས་སུ་བཞུགས་པ་ཞིག་སྐབས་དེའི་ཁ་ཆེའི་ཡུལ་གྱི་གྲགས་ཅན་ལྷ་བཟོ་མཁས་པ་བྷ་ར་ཀ་བྱ་བས་བཞེངས་པ་དང་། ཁ་ཆེའི་ཡུལ་ནས་ཤིང་རྟ་འཁོར་ལོར་ཟླ་བ་གསུམ་ཙམ་བཞུགས་ནས་བོད་ཡུལ་དུ་འབྱོར་བ་དང་། མཐར་མཁར་རྩེ་ཨོག་དཀར་ཕུག་ལྷ་ཁང་གི་རྟེན་དུ་བཞུགས།
གཞི་རྩའི་གནས་ཚུལ།

མིང་།
ཁ་ཙེའི་ཇོ་བོ།
ཁོངས་གཏོགས།
སྒྱུ་རྩལ།
1 ངོ་སྤྲོད།

ཁ་ཙེའི་ཇོ་བོའམ་མཁར་རྩེའི་ཇོ་བོ་ཞེས་མངའ་རིས་རྩ་མདའ་རྫོང་རྩ་རང་ཁོངས་སུ་གནས། ལོ་རིན་ཆེན་བཟང་པོའི་ཡབ་ཆེན་གཤེགས་པའི་རྟེན་སྐལ་དུ་ཡབ་ཀྱི་སྐུ་ཚད་དང་མཉམ་པ་རིན་ཆེན་ལྕགས་རིགས་སྣ་ལྔ་ལས་གྲུབ་པ་དང་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་སྐུ་འདྲ་བཞེངས་སྟབས་སུ་བཞུགས་པ་ཞིག་སྐབས་དེའི་ཁ་ཆེའི་ཡུལ་གྱི་གྲགས་ཅན་ལྷ་བཟོ་མཁས་པ་བྷ་ར་ཀ་བྱ་བས་བཞེངས་པ་དང་། ཁ་ཆེའི་ཡུལ་ནས་ཤིང་རྟ་འཁོར་ལོར་ཟླ་བ་གསུམ་ཙམ་བཞུགས་ནས་བོད་ཡུལ་དུ་འབྱོར་བ་དང་། མཐར་མཁར་རྩེ་ཨོག་དཀར་ཕུག་ལྷ་ཁང་གི་རྟེན་དུ་བཞུགས། གདན་ཞུའི་ལམ་འཕྲེང་ཤིན་ཏུ་དོག་པས་ཅ་ཀྲང་ཟམ་པར་སླེབས་སྐབས་བྲག་ལ་སྐྱོ་མཛུབ་ཆག་སྐྱོན་བྱུང་བ་དེང་ཡང་རང་འཇགས་སུ་མཇལ་རྒྱུ་ཡོད། སྤྱན་རས་གཟིགས་ཀྱི་སྐུ་འདྲ་འདིའི་བཟོ་རྩལ་ནི་དུས་རབས་བཅུ་གཅིག་ཡས་མས་ཀྱི་ཀ་ཤི་མི་རིའི་འབུར་གཟུགས་བཟོ་རྩལ་གྱི་རྩེར་སོན་གྱི་བརྩམས་ཆོས་ཤིག་ཡིན་ལ། ཚབ་མཚོན་གྱི་བརྩམས་ཆོས་ཤིག་ཀྱང་ཡིནཔས་ཁ་ཆེའི་ལུགས་ཀྱི་སངས་རྒྱས་སྐུ་འདྲའི་མཛེས་ཆོས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཤིན་ཏུ་ཆེའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།