བཅད་རྒྱག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅད་རྒྱག་པ།
བཅད་རྒྱག་པ་ནི་བོད་དང་རྒྱ་ནག་གི་རི་མོའི་ཁྱད་ཆོས་གཙོ་བོ་ཞིག་སྟེ། སྐྱ་རིས་དང་ཚོན། མདངས་ཐམས་ཅད་ཇི་ལྟར་ལེགས་ཀྱང་བཅད་རིས་ངན་ན་བརྫད་ངེས་པས་བཅད་ལེགས་པ་གལ་ཆེ།
གཞི་རྩའི་གནས་ཚུལ།

མིང་།
བཅད་རྒྱག་པ།
ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད།   

བཅད་རྒྱག་པ་ནི་བོད་དང་རྒྱ་ནག་གི་རི་མོའི་ཁྱད་ཆོས་གཙོ་བོ་ཞིག་སྟེ། སྐྱ་རིས་དང་ཚོན། མདངས་ཐམས་ཅད་ཇི་ལྟར་ལེགས་ཀྱང་བཅད་རིས་ངན་ན་བརྫད་ངེས་པས་བཅད་ལེགས་པ་གལ་ཆེ། སྤྱིར་བཟོ་རྒྱུ་བཟང་ངན་བཟོ་བོ་ཐམས་ཅད་ལ་འབྱུང་ཡང་། བྱང་ཆ་ཆེ་ཆུང་ནི་བརྩོན་འགྲུས་ལ་རག་ལས་ཤིང་། བཅད་རིས་བཟང་ངན་དེ་པིར་རིས་ཀྱི་བྱང་ཚད་ཡིན་པས། རྟག་པར་པིར་གྱིས་རི་མོ་སྦྱངས་པ་ནི་བཅད་རིམ་བཟང་པོ་འབྱུང་བའི་ཐབས་ལམ་ཉག་གཅིག་གོ། པིར་རིས་ལ་སྨྱུ་གུ་གཞན་གྱིས་བྲིས་པའི་རི་མོ་དང་མི་འདྲ་བའི་ཁྱད་ཆོས་ཡོད་ལ། དེ་མཚུངས་ཀྱི་དཀའ་གནད་ཀྱང་ཡོད།

2 གཟབ་བྱ།

དེ་ལ་གཟབ་བྱ་ནི། བཅད་རིང་སྟོང་སྐུད་འཐེན་འདྲ་ལ།།

སྐྱར་བྲི་སྐེ་ཉག་མདུད་པ་སྤོང་།།

བཅད་ཐུང་ཚེས་གསུམ་ཟླ་བ་དེས།།

རྣོན་པོ་རྩེ་ཡིས་མི་བརྟོལ་ལོ།། ཞེས་བཅད་རིང་ལ་ཆད་སྐེ་དང་མདུད་པ་མེད་པར་འབྲི་ཐེངས་གཅིག་གིས་འཐེན་པ་ལས། སྐྱར་འབྲི་བྱས་ན་སྦོམ་ཕྲ་མཉམ་པ་དཀའ་ཞིང་། རི་མོ་ཡང་མཉེན་མེད་པར་འགྱུར་བས་གཟབ་ལ། བཅད་ཐུང་གི་སྣེ་གཉིས་ཀྱིས་བཅད་རིང་གཞན་བརྟོལ་ནས་ཚོན་དང་རི་མོ་གཞན་ལ་གནོད་པ་མེད་པ། རི་མོ་གང་ནས་འཐེན་པའི་འགོ་དང་མཇུག་གི་འཇོག་སོ་གཉིས་ཀ་གནད་དུ་འཁེལ་ཞིང་རང་བཞིན་མཛེས་པ་ཞིག་དགོས་པ་ཡིན་མོད་ཀྱང་། མེ་རི་རྩེའི་བཅད་རིས་ནི་རིང་ཙམ་མངོན་པར་བྱས་ན་མེ་དྲག་ཏུ་འབར་བའི་སྣང་བ་འབྱུང་བས་དམིགས་བསལ་དུ་བཤད་དོ།།

3 བཅད་ཀྱི་སྐྱོན་བཞི།

ཡང་། བཅད་རིས་ལྟུག་ཅིང་ཉོག་དང་གཅིག།

གཙོ་དང་ཕལ་བ་དབྱེར་མེད་གཉིས།།

ཚོན་གྱི་མཐའ་རྒྱ་མ་ནོན་གསུམ།།

པིར་སྒྲིལ་མ་ཤེས་བཙན་བཅད་བཞི།།

བཅད་ཀྱི་སྐྱོན་བཞིར་མཁསད་པར་སྨྲ།། ཞེས་བཅད་རིས་ཤིན་ཏུ་མང་ཞིང་གནད་དུ་མ་འཁེལ་བར་ཉག་ཉོག་པོར་གྱུར་བ་དང་། གཙོ་བོ་དང་ཕལ་བའི་རི་མོ་ལ་དབྱེ་བ་མེད་པ་དང་། ཚོན་གྱི་མཐའ་མ་ནོན་པས་བར་སེང་མང་བོ་ལུས་པ་དང་། པིར་སྒྲིལ་ཤེས་ན་རི་མོ་འཐེན་ཐེངས་གཅིག་ལའང་སྦོམ་ཕྲ་སོགས་གང་འདོད་འབྱུང་བར། དེ་མི་ཤེས་ཤིང་པིར་བཙན་བཟུང་གིས་བཅད་རྒྱག་པ་རྣམས་ནི་བཅད་ཀྱི་སྐྱོན་ཡིན་པར་བཤད་པ་དང་།

ཡང་། ཕྱི་ཡི་བཅད་རིས་སྦོམ་ཙམ་ལ།།

ནང་རིས་ཕྲ་ན་མཛེས་པ་སྟེ།།

གོ་མ་ལྡོག་པ་མན་ངག་ཡིན།།

ཉིས་རིས་འབྲི་བའང་དེ་དང་མཚུངས།། ཞེས་ཕྱི་ཁོག་གི་རི་མོ་སྦོམ་ཙམ་ལ་ནང་གི་རི་མོ་ཐམས་ཅད་ཕྲ་ཞིང་སྙོམས་ན་མཛེས་ལ། དེ་གཉིས་མཉམ་པའམ། གོ་ལྡོག་ཏུ་བྲིས་པའམ། ཡང་ན་རེ་འགའ་ཕྲ་ཞིང་རེ་འགའ་སྦོམ་པ་སོགས་ནི་སྐྱོན་ཡིན་པ་དང་། ཉིས་རིས་ཅན་ནི་གོས་གྱི་རི་མོ་སོགས་ཀྱི་ནང་ནས་ཀྱང་། རང་མདོག་དང་མཐུན་པའི་ཚོན་ནམ་གསེར་སོགས་ཀྱིས་རི་མོ་ཕྲ་མོ་ཞིག་བྲིས་པ་དེ་ལ་ཟེར་ཞིང་། དེའང་ཕྱིའི་བཅད་རིས་ལས་ཕྲ་དགོས་ཞེས་སོ།།

བརྡ་འགྲེལ་གདོང་འཛར།

བཅད་རྒྱག་པ། སྐྱ་རིས། ཚོན། མདངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།