ཟངས་དཀར་འཕགས་པ་ཤེས་རབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་སྟེ་མར་པ་ཆོས་ཀྱི་བློ་གྲོས(སྤྱི་ལོ1012ནས་སྤྱི་ལོ1097)དང་དུས་མཉམ་དུ་མངའ་རིས་ཟངས་དཀར་དུ་སྐུ་འཁྲུངས་ཤིང་། སློབ་མ་གྲགས་ཆེ་བ་ནི་སྣུར་ཉི་མ་དང་། སྦལ་ཏི་སེམས་དཔའ་ཆེན་པོ་སོགས་མང་དུ་བྱོན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཟངས་དཀར་འཕགས་པ་ཤེས་རབ།
འཁྲུངས་ཡུལ།
མངས་རིས་ཟངས་དཀར།
འཁྲུངས་ལོ།
དུས་རབས་བཅུ་གཅིག་པའི་དུས་མགོ
ལས་རིགས།
ལོ་ཙཱ་བ།
མཛད་རྗེས།
བསྟན་བཅོས་དུ་མ་བསྒྱུར་བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་སྟེ་མར་པ་ཆོས་ཀྱི་བློ་གྲོས(སྤྱི་ལོ1012ནས་སྤྱི་ལོ1097)དང་དུས་མཉམ་དུ་མངའ་རིས་ཟངས་དཀར་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་བཅས་ལ་བྱང་བར་མཛད་ཅིང་རབ་ཏུ་བྱུང་བ་དང་། མདོ་སྔགས་ཀྱི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ནས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་ལེགས་སྦྱར་གྱི་སྐད་དང་བཅས་པར་ཕུལ་དུ་བྱུང་བ་སློབ་གཉེར་མཛད་ཅིང་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་གནང་། དེ་ནས་བོད་ཡུལ་དབུས་སུ་ཕེབས་ཤིང་ལྷ་སའི་གྲོང་ཁྱེར་ནང་དུ་ཡོད་པའི་སྤྲང་བོ་ཚོར་སྤྲང་ཚང་ཟེར་བའི་ཁང་པ་ཟུར་བུ་བརྩིགས་པ་དང་། ལྷ་སའི་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། མཐའ་འདུལ་གྱི་གཙུག་ལག་ཁང་སོགས་བཅོ་ལྔ་ཙམ་ལ་ཞིག་གསོས་ཕུལ་ཕྱིན་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྣུར་ཉི་མ་དང་། སྦལ་ཏི་སེམས་དཔའ་ཆེན་པོ་སོགས་མང་དུ་བྱོན།

2 བསྒྱུར་རྩོམ།

བསྒྱུར་རྩོམ་ནི《བཀའ་འགྱུར》ལས《བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད》ལེའུ་བཅུ་གསུམ་པ་སོགས་དང་། 《བསྟན་འགྱུར》ལས《དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ》དང《དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ》སོགས་ཆོས་ཚན་ཧ་ཅང་མང་པོ་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།