འབྲོ་སེང་དཀར་ཤཱཀྱ་འོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་འཁྲུངས་ཏེ་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་བསྒྱུར་རྩོམ་མང་པོ་ཡོད་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འབྲོ་སེང་དཀར་ཤཱཀྱ་འོད།
འཁྲུངས་ལོ།
དུས་རབས་བཅུ་གཅིག་པའི་དུས་མགོ
རིགས་དབྱེ།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་འཁྲུངས་ཏེ་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་རྗེས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་པ་དང་། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་སློབ་གཉེར་གནང་སྟེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། 

2 བསྒྱུར་རྩོམ།

བསྒྱུར་རྩོམ་གཙོ་གྲས་ནི《བཀའ་འགྱུར》ལས《སྟག་རྣའི་མདོ》བམ་པོ་གཉིས་པ་དང་། 《བསྟན་འགྱུར་》ལས《ཀྱེེ་རྡོ་རྗེ་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་པ》ལེའུ་ལྔ་པ་ཡན་ཆད། 《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ》ཤོ་ལོ་ཀ་སྟོང་ཕྲག་བཞི་བརྒྱ། 《མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་བ》ཤོ་ལོ་ཀ་ཉིས་སྟོང་ཆིག་བརྒྱ་པ་སོགས་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།