བོད་ཀྱི་ཐང་ཀ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཐང་ཀ
ལྷ་སྐུ་སོགས་རི་མོ་བྲིས་ཡོད་པའི་རས་སམ་ཤོག་བུ་བསྒྲིལ་ནས་དྲིལ་ཆོག་པའི་རིགས་ལ་ཐང་ཀ་ཞེས་བརྗོད་པ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

མིང་།
བོད་ཀྱི་ཐང་ཀ
ཁོངས་གཏོགས།
སྒྱུ་རྩལ།
1 ​གོ་དོན།

ལྷ་སྐུ་སོགས་རི་མོ་བྲིས་ཡོད་པའི་རས་སམ་ཤོག་བུ་བསྒྲིལ་ནས་དྲིལ་ཆོག་པའི་རིགས་ལ་ཐང་ཀ་ཞེས་བརྗོད་པ་ཡིན་ནོ།།

2 དབྱེ་བ།

དེ་ཡང་བྲག་ཡབ་རིན་པོ་ཆེ་སོགས་བོད་རིགས་ཀྱི་སྔོན་མའི་མཁས་པ་ཚོས་ཐང་ཀར་བྲིས་ཐང་དང་གོས་ཐང་ཞེས་ཁག་ཆེན་པོ་གཉིས་སུ་དབྱེ་བ་འདུག་པ་ནི་དོན་ལ་གནས་པར་བསམ།

3 བྲིས་ཐང་གི་དབྱེ་བ།

བྲིས་ཐང་ལ་ཚོན་ཐང་དང་།   ནག་ཐང་།   མཚལ་ཐང་།  སེར་ཐང་བཅས་དབྱེ་བ་བཞི་ཡོད།

4 གོས་ཐང་གི་དབྱེ་བ།

གོས་ཐང་ལ་དབྱེ་ན་ལྷན་འདེབས་སམ་དྲས་དྲུབ་དང་།   འཚེམ་དྲུབ།   འཐག་དྲུབ་བཅས་ཡོད།   ཡང་འགའ་རེས་དེའི་ཁོངས་སུ་རྒྱ་ནག་གི་དམིགས་བསལ་ལག་ཤེས་བཀྲས་བཏགས་ལས་གྲུབ་པའི་ཐང་ག་ཡང་ཡོད་པས་བཀྲས་བཏགས་ཀྱི་ཐང་ཀའམ་ཡང་ན་ཆེད་བསྟོད་ཀྱི་ཚུལ་དུ་མཁའ་འགྲོ་བཀྲས་བཏགས་ཟེར་བའི་བགྲང་ཚུལ་ཡང་འདུག

བརྡ་འགྲེལ་གདོང་འཛར།

ཐང་ཀ གོས་ཐང་། བྲིས་ཐང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།