རྒ་ལོ་གཞོན་ནུ་དཔལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

​ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ཁམས་ལྡན་མར་རུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒ་ལོ་གཞོན་ནུ་དཔལ།
འཁྲུངས་ཡུལ།
ཁམས་ལྡན་མར།
འཁྲུངས་ལོ།
དུས་རབས་བཅུ་གཉིས་པའི་དུས་སྟོད།
ལས་རིགས།
ལོ་ཙཱ་བ།
མཛད་རྗེས།
བསྟན་བཅོས་དུ་མ་བསྒྱུར་བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་ཁམས་ལྡན་མར་སྐུ་འཁྲུངས་པ་དང་། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་ཡིན་ལ། དགེ་ཚུལ་དང་དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་གཞུང་ལ་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསམ་ཡས་མཆིམས་ཕུ་དང་། ཕོ་བྲང་སྣེའུ་གདོང་། སྣར་ཐང་། རྩེད་ཐང་སོགས་སུ་བཞུགས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད།

2 བརྩམས་ཆོས།

བསྒྱུར་རྩོམ་གཙོ་གྲས་ནི《བསྟན་འགྱུར》ལས《དཔའ་རི་ཁྲོད་ཞབས་ཀྱི་བསྟོད་པ》དང་། 《དབང་མདོར་བསྟན་པའི་མདོར་བཤད》 《དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་བ》 《ལྷ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག》 《གཏུམ་ཆེན་དྲག་པོའི་མངོན་པར་རྟོགས་པ》 《མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ》 《རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཀྱི་སྨད་དུམ》 《བླ་མ་ལྔ་བཅུ་པའི་དཀའ་འགྲེལ》བཅས་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།