བོད་ཀྱི་གོས་སྐུ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་གོས་སྐུ
གོས་སྐུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང་ན་བཟའ། རྒྱན་གོས། དེ་བཞིན་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་ངག་ལ་གང་མཚུངས་ཀྱི་གོས་ཆེན་ཚོན་ཁྲ་སྤེལ་ནས་ལྷུ་སྒྲིག་པའི་ལག་ཤེས་སྤྱད་ནས་བཞེངས་པའི་ཐང་ཀ་ཞིག་ཡིན་པ་དང་། དེའི་རྒྱུ་ཆ་གཙོ་བོ་ནི་གོས་ཆེན་ཡིན་པའི་དབང་གིས་གོས་སྐུར་གྲགས།
གཞི་རྩའི་གནས་ཚུལ།

མིང་།
བོད་ཀྱི་གོས་སྐུ།
ཁོངས་གཏོགས།
སྒྱུ་རྩལ།
1 གོ་དོན། 

གོས་སྐུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དང་ན་བཟའ། རྒྱན་གོས། དེ་བཞིན་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་ངག་ལ་གང་མཚུངས་ཀྱི་གོས་ཆེན་ཚོན་ཁྲ་སྤེལ་ནས་ལྷུ་སྒྲིག་པའི་ལག་ཤེས་སྤྱད་ནས་བཞེངས་པའི་ཐང་ཀ་ཞིག་ཡིན་པ་དང་། དེའི་རྒྱུ་ཆ་གཙོ་བོ་ནི་གོས་ཆེན་ཡིན་པའི་དབང་གིས་གོས་སྐུར་གྲགས། 

2 ཁྱད་ཆོས།

དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཞིག་ལྡན་པ་ནི། བཀྲག་མདངས་ཆེ་བ་དང་གཅིག ལྷ་སྐུའི་སྣང་བརྙན་འབུར་དུ་ཐོན་པས་གསོན་ཉམས་དོད་པ་དང་གཉིས། ཉི་ཆར་རླུང་རྡུལ་སོགས་རང་བྱུང་གིས་གནོད་འཚེས་བརླག་དཀའ་བ་དང་བཞི། ལག་ཤེས་གཞན་དང་བསྡུར་ན་བཞེངས་སྒྲུབ་མྱུར་བ་དང་གཞི་ཁྱོན་ཅི་ལྟར་ཆེ་ཡང་ཉམས་རྒུད་འགྲོ་འགོར་བ་བཅས་ཁྱད་ཆོས་ཆེན་པོ་ལྔ་ཙམ་ལྡན།

3 བོད་ཀྱི་གོས་སྐུ་ཐོག་མ།

ད་ཡོད་ཀྱི་ལོ་རྒྱུས་ཡིག་རིགས་ལ་འཁོད་པར་གཞིགས་ན་རབ་བྱུང་བདུན་པའི་ས་བྱི་སྟེ་སྤྱི་ལོ1408ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་པའི་གོས་སྐུ་མཐོང་བ་དོན་ལྡན་ནི་བོད་དུ་བྱུང་བའི་གོས་སྐུ་སྔ་ཤོས་དེ་ཡིན། དེའི་ནང་དོན་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་མཆོག་ཟུང་།  གནས་བརྟན་བཅུ་དྲུག་རྒྱལ་ཆེན་རིགས་བཞི་དང་བཅས་པ་མདོར་ན་ཐུབ་པ་གནས་བཅུས་བསྐོར་བ་སོགས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།