ནད་མ་སྒྱིབ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནད་མ་སྒྱིབ་མ།
སྔོ་སྨན་ཞིག་སྟེ། ཡུལ་དབུས་དྲོ་བའི་ས་ལས་སྐྱེ་ཞིང་ལོ་མ་སྔོན་པོ་རྩུབ་པ། སྡོང་བུ་གྲུ་བཞི་རིང་བ་མེ་ཏོག་མཐིང་ཤུན་བེའུ་རྩེ་འདྲ་ལ། འབྲས་བུ་སྤུན་ལ་ཟླུམ་པ་ལོ་མ་འདབ་བཞི་འབྱར་ཞིང་འཁྲིལ་བ། རོ་ནི་ཁ་ལ་མངར་བ། ནུས་པས་རྨ་རྣམས་གསོ་བར་བྱེད་པའི་མེ་ཏོག་སྔོ་སྐྱ་སྡོང་པོ་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
狗屎花
ཁོངས་གཏོགས།
རྩྭ་སྨན་གྱི་རིགས།
1 ངོ་སྤྲོད།

འཁྲུངས་དཔེ་ལས། ནད་མ་སྒྱིབ་མའི་མཚན་ཉིད་ནི། ། ཞིང་གི་མུ་རྣམས་ཀུན་ལས་སྐྱེ། ། ལོ་མ་འབྱར་ཞིང་ཆུང་བ་ལ། ། སྡོང་བུ་གཡུ་ཞགས་འཁྱིལ་བ་འདྲ། ། འབྲས་བུ་སྦལ་བའི་སྒོ་ང་འདྲ། ། གང་ལ་ཉེ་བར་འབྱར་ཞིང་འཁྲིལ། ། ནུས་པས་རྨ་རྣམས་གསོ་བར་བྱེད། ། ཅེས་པ་སྟེ། ངར་བ་གྲུ་བཞི་རྩུབ་ལ་རིང་བ་འཛིང་ནས་གྱེས་ཞིང་། ཚིགས་མཚམས་རེ་ནས་ལོ་མ་དང་འདབ་འོག་ནས་ལོ་ཚབ་ཟུར་མང་ཉིས་སྦྱར་ཚིགས་རྒྱན་གྱི་ཚུལ་དུ་སྤྲས་པའི་བར་ན་ཏིལ་དཀར་འདྲ་བའི་འབྲུ་བཞི་རེ་འདོགས་པ་དེའོ། ། 

2 སྐྱེ་གནས།

མཚོ་ངོས་ལས་སྨི1500-4600བར་གྱི་ཡུལ་གང་ལའང་ཡོད་པ་དང་། མང་ཆེར་ས་ནག་དང་ལྷས་རྙིང་། ཞིང་རྒོད། ལྡུམ་གསེབ་སོགས་སུ་སྐྱེ།

3 སྦྱར་བྱ།

སྤྱི་ཟླ7-8པར་ལོ་སྡོང་མེ་འབྲས་ཡོངས་བཏུས་ཏེ་སྔོ་ཆོལ་དམའ་ཕབ་སྐམ་གསེད་བྱ།

4 ངོ་བོ།

རོ་ཁ་མངར་ངོ་བོ་བསིལ།

5 ཕན་ནུས།

རུས་ཆག་སྦྱོར། རྨ་འདྲུབ། ཡན་ལག་ཚིགས་ཀྱི་ཆུ་སེར་སྐེམ་ཞིང་སྐྲངས་པ་གཞིལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།