རྒ་ལོ་རྣམ་རྒྱལ་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

​ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་སྟེ་སྤྱི་ལོ1203ལོར་རོང་ཡུལ་དུ་ཡབ་ཡེ་ཤེས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས་ཤིང་། རྒ་ལོའི་སྐུ་སྐྱེར་ངོས་བཟུང་ནས་རྒ་ལོ་ཞེས་འབོད། དགུང་གྲངས་བརྒྱད་ཅུ་པར་བོད་རབ་བྱུང་ལྔ་པའི་ཆུ་རྟ་སྟེ་སྤྱི་ལོ1282ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྒ་ལོ་རྣམ་རྒྱལ་རྡོ་རྗེ།
ཡབ།
ཡེ་ཤེས་རྡོ་རྗེ།
འཁྲུངས་ཡུལ།
རོང་ཡུལ།
འཁྲུངས་ལོ།
སྤྱི་ལོ1203ལོ།
རིགས་དབྱེ།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་སྟེ་སྤྱི་ལོ1203ལོར་རོང་ཡུལ་དུ་ཡབ་ཡེ་ཤེས་རྡོ་རྗེའི་སྲས་སུ་སྐུ་འཁྲུངས་ཤིང་། རྒ་ལོའི་སྐུ་སྐྱེར་ངོས་བཟུང་ནས་རྒ་ལོ་ཞེས་འབོད། དགུང་ལོ་ཆུང་ངུའི་དུས་སུ་ངུར་སྨྲིག་ཏུ་ཁ་ཆེ་པཎ་ཆེན་དང་མཇལ་བས་སྐྱེས་བུ་ཁྱད་པར་ཅན་འབྱུང་བར་མཁྱེན་ནས་ཕྱག་གིས་གཞལ་ཞིང་ཤིས་བརྗོད་མཛད། 

2 མི་ཚེ་བརྒྱུད་རིམ།

གཞོན་དུས་སློབ་གཉེར་མཛད་པའི་ཚེ་རྒྱལ་པོའི་བར་ཆད་བྱུང་བ་ཐར་བར་དཔྱལ་གྱི་དྲུང་དུ་བྱོན་པས་བར་ཆད་དང་བྲལ། དེར་ལོ་གསུམ་རིང་རྒྱ་གར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགྱེས་ཕག་གཉིས་གསན་ནས་བཤད་གསར་མཛད་པས་སློབ་གཉེར་བ་ཐམས་ཅད་ངོ་མཚར་སྐྱེས། རྭ་འབུམ་སེང་ལས་དུས་འཁོར་གཙོ་བོར་གྱུར་པའི་རྭ་ལུགས་ཀྱི་ཆོས་རྣམས་གསན། བསྒོམས་པས་ཚིག་གི་མཆོག་གྲུབ་སྟེ་གསང་སྔགས་གསར་དུ་རྩོམ་པའི་ཤེས་མཐུ་གྲུབ། མཐར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཏེ་དགུང་གྲངས་བརྒྱད་ཅུ་པར་བོད་རབ་བྱུང་ལྔ་པའི་ཆུ་རྟ་སྟེ་སྤྱི་ལོ1282ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་མཆོག་ཏུ་གྱུར་བའི་སློབ་མ་ནི་རྗེ་བཙུན་མན་ལུངས་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།