འགས་ལོ་ཁུག་པ་ལྷས་བཙས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་འཁྲུངས་ཤིང་། མར་པ་ཆོས་ཀྱི་བློ་གྲོས(སྤྱི་ལོ1012ལོ་ནས་སྤྱི་ལོ1095)དང་དུས་མཉམ་པའི་ལོ་ཙཱ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འགས་ལོ་ཁུག་པ་ལྷས་བཙས།
འཁྲུངས་ཡུལ།
གཙང་རྟ་ནག་ཕུའི་ཁུག་པ།
ཡབ།
འགོས་བཙུན་ཆུང་།
འཁྲུངས་ལོ།
དུས་རབས་བཅུ་གཅིག་པའི་དུས་སྟོད།
ལས་རིགས།
ལོ་ཙཱ་བ།
མཛད་རྗེས།
བསྟན་བཅོས་དུ་མ་བསྒྱུར་བ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་འཁྲུངས། མར་པ་ཆོས་ཀྱི་བློ་གྲོས(སྤྱི་ལོ1012ལོ་ནས་སྤྱི་ལོ1095)དང་དུས་མཉམ། ཁོང་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་བྱོན་ཏེ་སློབ་དཔོན་ཞི་བ་བཟང་པོ་དང་། སྒྲ་གཅན་འཛིན་བཟང་སོགས་པཎ་གྲུབ་བདུན་ཅུ་དོན་གཉིས་ཀྱི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། བསྟན་པ་ཕྱི་དར་གྱི་ཆོས་ལོག་སུན་འབྱིན་པ་ལ་ལོ་ཆེན་རིན་བཟང་པོའི་རྗེས་འདི་ཉིད་བཀའ་དྲིན་ཆེ་བས《སྡོམ་གསུམ་རབ་དབྱེ》ལས། དེ་དག་འདས་པའི་འོག་ཏུ་ཡང་།། ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས།། ལྷས་བཙས་ཞེས་བྱའི་ལོ་ཙཱ་བ།། དེས་ཀྱང་སྔགས་ལོག་སུན་འབྱིན་པ།། ཞེས་བྱ་བའི་བསྟན་བཅོས་མཛད་ནས་ནི་ཆོས་དང་ཆོས་མིན་རྣམ་པར་དབྱེ་ཞེས་གསུངས་སོ།།

2 བསྒྱུར་རྩོམ།

བསྒྱུར་རྩོམ་གཙོ་གྲས་ནི《བཀའ་འགྱུར》ལས《རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ》ལེའུ་ལྔ་བཅུ་པ་དང་། 《རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད》ལེའུ་བཅུ་བདུན་པ། 《སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ》ལེའུ་གསུམ་པ། 《འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད》 《བསྟན་འགྱུར》ལས《རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ》དང་། 《དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ》སོགས་ཆོས་ཚན་བདུན་ཅུ་དོན་གསུམ་བཞུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-18

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།