འབུར་སྐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབུར་སྐུ།
རྒྱུ་ཆ་མི་འདྲ་བ་དང་ལག་ཤེས་མི་འདྲ་བ་བེད་སྤྱད་པའི་ཐབས་ཤེས་ལ་བརྟེན་ནས་རང་ཅག་གི་འདྲེན་བྱེད་ལམ་དུ་འབུར་དུ་མངོན་པར་བྱེད་པའི་སྐུ་བརྙན་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འབུར་སྐུ
རྒྱ་ཡིག་གི་མིང་།
浮雕
1 ​གོ་དོན།

འབུར་སྐུ་ནི་བྲིས་སྐུ་ལས་ལྟོས་བཅོས་ཀྱི་ཐ་སྙད་ཅིག་ཡིན་པ་སྨྲོས་མེད་ལ། དེ་ཡང་རྒྱུ་ཆ་མི་འདྲ་བ་དང་ལག་ཤེས་མི་འདྲ་བ་བེད་སྤྱད་པའི་ཐབས་ཤེས་ལ་བརྟེན་ནས་རང་ཅག་གི་འདྲེན་བྱེད་ལམ་དུ་འབུར་དུ་མངོན་པར་བྱེད་པའི་སྐུ་བརྙན་ལ་ཟེར་བ་ཡིན།

2 དབྱེ་བ།
2_1 རྒྱ་གར་གྱི་འབུར་སྐུ།

རྒྱ་གར་གྱི་འབུར་སྐུ་ཟེར་བ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་ཉིད་རྒྱ་གར་གྱི་ས་ཕྱོགས་དང་དུས་མི་འདྲ་བའི་སྐབས་སུ་གནས་དེ་གར་མི་རྣམས་ཀྱི་དད་པའི་རྟེན་དུ་བཞེངས་པའི་སྐུ་བརྙན་འབུར་མ་རྣམས་ལ་ཟེར་བ་ཡིན་ལ་ཁ་རྒྱུན་དུ་རྒྱ་གར་གྱི་ལི་མ་ཟེར་བའང་མང་།

2_2 རྒྱ་གར་དབུས་ལི།

རྒྱ་གར་དབུས་ལི་ཟེར་བ་ནི་རྒྱ་གར་གྱི་ཡུལ་དབུས་མ་གྷ་དྷ་སུ་སྐུ་རྒྱུ་ལི་མ་ལས་ལུགས་སུ་བླུགས་ཏེ་བཞེངས་པ་དང་དེ་ལས་དར་བའི་སྐུ་བརྙན་རྣམས་ལ་ཟེར་བ་ཡིན།

2_3 རྒྱ་གར་ཤར་ལི།

རྒྱ་གར་ཤར་ལི་ཟེར་བ་སྤྱི་ལོ་དུས་རབས་དགུ་པ་ཡས་མས་སུ་རྒྱ་གར་ཤར་ཕྱོགས་ས་ཁུལ་དུ་དར་བའི་འབུར་སྐུའི་བཟོ་རྒྱུན་ཆེན་པོ་ཞིག་ལ་བརྗོད་པ་ཡིན། དེ་ཡང་བོད་དུ་དུས་རབས་དགུ་པ་ཙམ་ནས་དེའི་བཟོ་རྒྱུན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་བཀའ་གདམས་ལི་མ་དང་འདོད་དཔལ་ལི་མ་ཡང་དེའི་ཤུགས་རྐྱེན་ལས་བྱུང་བ་ལྟ་བུ་སྣང་།  དེ་ཡང་རྒྱ་གར་གྱི་པཱ་ལའི་རྒྱལ་རབས་ཀྱི་དུས་སུ་བྱུང་བ་ཞིག་ཡིན་པས་ན་དེང་གི་དུས་སུ་ལུགས་རྒྱུན་འདིར་པཱ་ལའི་ལུགས་རྒྱུན་ནམ་ཡང་འགའ་རེས་ནི་རྒྱ་གར་བྱང་ཤར་ལི་མ་ཟེར་འབོད་པའང་མཆིས། དེར་རྒྱུ་ཆ་རིགས་གཅིག་པ་དང་། ཆ་ཚད་རན་པ། ཤ་གཟུགས་ཀྱི་ཉམས་འགྱུར་དོད་པ། བྱང་སེམས་ཀྱི་ཐོར་ཅོག་གཟེངས་མཐོ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད།

2_4 རྒྱ་གར་ནུབ་ལི།

རྒྱ་གར་ནུབ་ལི་ཟེར་བ་ནི་ཨུ་རྒྱན་ཡུལ་ནས་དར་བའི་འབུར་སྐུའི་ལུགས་རྒྱུན་ཞིག་ཡིན་པ་དང་། འབུར་སྐུ་འདིའི་གྲས་ད་ཆ་དེ་ཙམ་གྱི་མང་པོ་མཐོང་ཆས་སུ་མ་གཡུར་མོད།  འོན་ཏེ་དེ་ཡང་རང་རང་གི་ལུགས་རྒྱུན་ཁ་གསལ་བ་དང་། རྒྱུ་ཆ་ནི་ལི་སེར་ཤས་ཆེ་བ། སྐུ་འདྲའི་བོང་དེ་ཙམ་གྱི་ཆེན་པོ་མེད་ལ་ནང་དོན་ཐད་ནས་གསང་སྔགས་ཀྱི་ཡི་དམ་དང་སྲུང་མ་སོགས་ཤིན་ཏུ་དཀོན། བདག་ཅག་གི་མཐོང་ཆོས་སུ་གྱུར་མང་བ་ནི་ཐུབ་པ་སྐོར་མ་ཡིན་འདུག གཞན་ཡང་དེའི་བཞུགས་གདན་པད་མའི་བཟོ་དབྱིབས་ནི་པད་འདབ་ཕྲ་ལ་རིང་བ་དང་པད་མ་ཉིས་བརྩེགས་སྐེད་པ་ཉག་ཕྲ་བ་ཞིག་ཡིན།

2_5 ཁ་ཆེའི་ལི་མ་ཟེར།

ཁ་ཆེའི་ལི་མའམ་ལི་མ་ཟེར་བ་ནི་ཀསྨིར་བུ་ནང་པ་སངས་རྒྱས་བའི་ཆོས་དར་རྒྱས་ཆེ་བའི་དུས་སུ་བྱུང་བའི་འབུར་སྐུའི་ལུགས་རྒྱུན་ཞིག་ཡིན་པ་དང་། ད་ཡོད་ཀྱི་རིག་གནས་ཤུལ་བཞག་དག་ལ་བརྟག་ན་ཁ་ཆེའི་ལི་མ་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་གྱི་བར་དུ་བྱུང་བ་མང་བ་དང་། དེ་གར་ཡང་ནང་དོན་གྱི་ངོས་ནས་བཤད་ཚེ་མདོ་ཕྱོགས་ཀྱི་སྐུ་བརྙན་མང་བ་དང་། རྒྱུ་ཆ་ནི་གཅིག་གྱུར་གྱིས་ལི་སེར་ཡིན་པ།  སྒྱུ་རྩལ་གྱི་ངོས་ནས་བཤད་ཚེ། བཟོ་བཀོད་སྟབས་བདེ་ལ་ལུགས་མ་ཤ་གཅིག་དང་།   རྒྱབ་ཡོལ་དང་འོད་གོར་གཉིས་ཡུག་གཅིག་ཏུ་འབྲེལ་བ་དེའི་དཀྱིལ་སྟོང་པ་དང་། མེ་རི་སོགས་འཇམ་ཚགས་ཁོ་ནས་སྟབས་བདེར་རྒྱན་པ།   བཞུགས་ཁྲི་གྲུ་བཞི་མང་ཆེ་བ་རྒྱན་རིས་མེད་པར་ངོས་འཇམ་པ།  ཡང་སྐུ་བརྙན་ལ་ལའི་སྤྱན་འབྲས་དངུལ་གྱིས་བརྒྱན་པ་དང་། བྱང་སེམས་ཀྱི་རྒྱན་གོས་དང་དོད་ཆེ་བར་ཟངས་དམར་དང་། ལི་སེར། དངུལ་དཀར་སོགས་ཁྲ་སྤེལ་ནས་མེ་ཏོག་དང་རི་ཤིང་ལ་སོགས་པའི་རྒྱན་རིས་ཀྱིས་མཛེས་པར་བྱས་ཡོད་པ་ནི་གཞན་དུ་མཐོང་དཀོན་པ་ཡིན། ལུགས་རྒྱུན་དེས་བསྟན་པ་ཕྱི་དར་གྱི་སྐབས་སུ་དར་བའི་བོད་ཀྱི་འབུར་སྐུ་དང་ལྷག་པར་དུ་སྟོད་མངའ་རིས་ཁུལ་ནས་དར་ཁྱབ་བྱུང་བའི་ལི་མའམ་ཡོངས་གྲགས་སུ་མཐོན་མཐིང་ལི་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།


བརྡ་འགྲེལ་གདོང་འཛར།

འབུར་སྐུ ལི་མ། རྒྱ་གར། ཁ་ཆེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-03

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།