ཐང་གི་རྒྱལ་ས་ཁྲང་ཨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་གི་རྒྱལ་ས་ཁྲང་ཨན།
ཁྲང་ཨན་ནི་ད་ལྟའི་ཞི་ཨན་གྲོང་ཁྱེར་ཏེ། ཞི་ཨན་དང་ཡཱ་ཏན། རོ་མ། ཁའེ་ལོ་བཅས་ལ་འཛམ་གླིང་གི་གནའ་མཁར་གྲགས་ཅན་བཞི་ཞེས་འབོད། སྤྱི་ལོ་སྔོན་གྱི་དུས་རབས11ནས་སྤྱི་ལོ་སྔོན་གྱི་དུས་རབས10བར་སྔ་གཞུག་ཏུ་རྒྱལ་རབས་དང་སྲིད་དབང13ཙམ་གྱི་རྒྱལ་ས་ཞི་ཨན་ནས་བཙུགས་པའོ། །
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐང་གི་རྒྱལ་ས་ཁྲང་ཨན།
རྒྱ་ཡིག་གི་མིང་།
唐都长安
སྤྱིའི་མཐའ་སྐོར་གྱི་རིང་ཚད།
སྟོང་སྨི36.6
ལྷོ་བྱང་གི་རིང་ཚད།
སྟོང་སྨི8.6
ཤར་ནུབ་ཀྱི་རིང་ཚད།
སྟོང་སྨི9.7
རྒྱ་ཁྱོན།
སྟོང་སྨི་ངོས་སྙོམས་གྲུ་བཞི་མ84
1 ངོ་སྤྲོད་མདོར་བསྡུས། 

ཁྲང་ཨན་ནི་ད་ལྟའི་ཞི་ཨན་གྲོང་ཁྱེར་ཏེ། ཞི་ཨན་དང་ཡཱ་ཏན། རོ་མ། ཁའེ་ལོ་བཅས་ལ་འཛམ་གླིང་གི་གནའ་མཁར་གྲགས་ཅན་བཞི་ཞེས་འབོད། སྤྱི་ལོ་སྔོན་གྱི་དུས་རབས11ནས་སྤྱི་ལོ་སྔོན་གྱི་དུས་རབས10བར་སྔ་གཞུག་ཏུ་རྒྱལ་རབས་དང་སྲིད་དབང13ཙམ་གྱི་རྒྱལ་ས་ཞི་ཨན་ནས་བཙུགས་པའོ། །

2 འཛུགས་སྐྲུན། 

རྒྱལ་ས་ཁྲང་ཨན་སུའེ་དང་ཐང་གི་སྐབས་སུ་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། མཁར་ཡོངས་ལ་ཕོ་བྲང་མཁར་དང་གོང་མའི་མཁར། ཕྱི་སྐོར་མཁར་བཅས་གསུམ་དུ་ཕྱེ་ཡོད། ཕོ་བྲང་མཁར་ནི་གོང་མའི་ཕོ་བྲང་སྟེ་བྱང་ཕྱོགས་སུ་གནས། གོང་མའི་མཁར་ནི་སྲིད་གཞུང་ལས་ཁུངས་ཏེ་ལྷོ་ཕྱོགས་སུ་གནས། ཕྱི་སྐོར་མཁར་ནི་ཕོ་བྲང་མཁར་དང་གོང་མའི་མཁར་གྱི་ཤར་དང་ལྷོ་ནུབ་བཅས་སུ་གནས་ཤིང་། སྲིད་གཞུང་གི་བློན་པོ་སོགས་ལས་བྱེད་མི་སྣའི་འདུག་ཁང་དང་ཚོང་རྭ་རེད། མཁར་སྤྱིའི་དབྱིབས་གྲུ་བཞི་ནར་མོ་ཡིན་ཞིང་། སྤྱིའི་མཐའ་སྐོར་གྱི་རིང་ཚད་ལ་སྟོང་སྨི36.6དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི8.6 ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི9.7 རྒྱ་ཁྱོན་ལ་སྟོང་སྨི་ངོས་སྙོམས་གྲུ་བཞི་མ84མཆིས། ལྷོ་བྱང་ཁྲོམ་གཞུང11དང་ཤར་ནུབ་ཁྲོམ་གཞུང14ཡོད་པ་དེ་དག་སྲང108དང་ཁྲོམ་ར2ལ་བགོས་ཡོད། སྲང་ནི་འབངས་མི་སེར་གྱི་སྡོད་གནས་དང་། ཤར་དང་ནུབ་ཀྱི་ཁྲོམ་གཉིས་ནི་ཚོང་ར་ས་ཁུལ་ཡིན། ཁྲང་ཨན་མཁར་ནི་འཛམ་གླིང་ལ་མིང་དུ་གྲགས་པའི་གནའ་མཁར་ཞིག་ཡིན་ལ། སྐབས་དེར་ཕྱི་ཕྱོགས་དང་རིག་གནས་འབྲེལ་འདྲིས་ཀྱི་ལྟེ་གནས་ཀྱང་ཡིན། གནའ་མཁར་དེའི་བཟོ་བསྐྲུན་ཁྱིམ་མཚེས་རྒྱལ་ཁབ་སོགས་ཀྱིས་ལད་བཟོའི་དཔེ་རུ་འཛིན་པ་སྟེ། འཇར་ཕན་གྱི་ཕའེ་ཨན་ཅིན་དང་། པཱོ་ཧའེ་རྒྱལ་ཁབ་ཀྱི་ཧྲང་ཅིན་ལྟ་བུའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།