ཐོད་ལེ་ཀོར། ཁ་ཊམ་གཧ་ཤི་གླི། ཁུ་དཀར། ཀོ་ཀོ་ཏྲི་ཀཇ་རྡོ།
འདི་ནི་རྡོ་མཉེན་གྱི་རིགས་ཤིག་སྟེ། དྭངས་ཤིང་གསལ་བས་གཏིང་མཐོང་པ་དང་། གོས་དམར་ནག་སོགས་ལ་རི་མོ་དོད་པ། བརྡར་ཕྱེ་ཁར་མྱངས་ན་འཇུ་སྙམ་པ། ལག་པར་བྱུགས་ན་འོད་དང་བཅས་རྩི་འཇམ་པོར་འགྲོའོ།། དེ་ལ་ཁ་དོག་དཀར་དམར་སྔོ་ལྗང་སེར་ནག་སོགས་ལ་ངེས་མེད་འབྱུང་བ་ཡིན།། ཞེས་བསྟན་པ་ལྟར་དེ་ལ་མཁྲེགས་འབོལ་ཡང་མི་འདྲ་བ་བཅས་རིགས་ཁ་ཤས་ཡོད་ནའང་དེ་ལས་དབྱིབས་ཅུང་ཟད་ལེབ་ཅིང་འཇམ་པ་དང་མཁྲེགས་པ། གོས་རིགས་དམར་ནག་ལ་རི་མོ་བྲིས་ན་དཀར་པོ་དོད་པ་ཡིན་ན་ཧ་ཤིག་འཁྲུལ་མེད་ཡིན།
དུག་འདོན་རྡོ་སྨན་སྤྱི་དང་མཚུངས་པ་ཡིན།
རོ་མངར་ཞིང་བསྐ་བ་དང་། ཞུ་རྗེས་མངར་བ། ནུས་པ ་བསིལ་བ་བཅས་ཡིན།
རྩ་ལམ་འགག་པ་དང་རྨ་ལ་གཉན་ཁ་རྒྱས་པ་སོགས་ལ་ཕན།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-06-20
གསར་སྤེལ་མཁན། :གདུགས་དཀར་རྒྱལ།