སིན་དྷཱུ་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སིན་དྷཱུ་ར།
སིན་དྷཱུ་ར་ནི་ས་སྨན་གྱི་རིགས་ཤིག་སྟེ། སིན་དྷཱུ་ར་ཡིས་རྩ་ཚད་དོན་རྨ་གསོ།། རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སིན་དྷཱུ་ར།
རྒྱ་ཡིག་གི་མིང་།
禹粮土
ཕྱི་ཡིག་གི་མིང་།
Linonirerra
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན། 

རྒྱ་མཚོའི་དྲེག་པ། མཁའ་འགྲོའི་མངལ་ཁྲག

2 སྐྱེ་དབྱིབས།

བེེ་སྔོན་ལས། དེའང་སིན་དྷཱུ་ར་ཞེས་པ་རྒྱ་མཚོར་དང་ར་ཆགས་པའམ་ཁྲག་ལའང་འཇུག་པས་མཁའ་འགྲོའི་མངལ་ཁྲག་ཏུའང་བཞེད་ལ། དོན་དུ་གནས་ཁམས་ཅན་གྱི་བྲག་ཕུག་དང་། མཚོ་འགྲམ་ལ་ཆགས་པའི་ཁ་དོག་ལི་ཁྲི་དང་འདྲ་བའི་དམར་སེར་དེའོ།། ཞེས་བསྟན་པ་ལྟར་སིན་དྷཱུ་ར་ཞེས་པ་ས་དམར་སེར་འོད་ཡང་སེར་བག་ཅན་ལི་ཁྲིའི་མདོག་དང་ལྡན་པ། རོ་མངར་བ་དང་ཁྲག་དྲི་བྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ནོ།།

3 འཐུ་དུས་དང་ལས་སྣོན། 

ས་རྡོ་སོགས་མ་འདྲེས་པའི་སིན་དྷཱུ་ར་དེ་སྣོད་ཆེ་བ་ཞིག་གི་ནང་དུ་ཆུ་བསྐོལ་དང་མཉམ་དུ་བླུགས་ནས་ལེགས་པར་དཀྲུགས་ཤིང་། སླར་ཡང་སྣོད་གཞན་ཞིག་གི་ནང་དུ་ཆུ་བསྲིངས་ཡང་ཡང་བྱས་ཏེ་ཞབས་དུ་བྱང་བའི་རྡེའུ་རྣམས་བསལ་ནས་ཆུ་སྨན་དང་བཅས་པ་ཞག་གཅིག་ལ་བཞག ཉིན་གཉིས་པར་ཆུ་བཙགས་ཏེ་སྨན་སྐམ་ནས་སྤྱོད་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་དང་ཞུ་རྗེས་གཉིས་ཀར་མངར་ལ།  ནུས་པ་བསིལ།

5 རྐྱང་བའི་ཕན་ཡོན། 

སིན་དྷཱུ་ར་ཡིས་རྩ་ཚད་དོན་རྨ་གསོ།། རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན།། ཞེས་པ་ལྟར་རོ།།

བརྡ་འགྲེལ་གདོང་འཛར།

སིན་དྷཱུ་ར། ས་སྨན། གསོ་བ་རིག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།