ས་མྱགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་མྱགས།
ས་མྱགས་ནི་ས་སྨན་གྱི་རིགས་ཤིག་སྟེ། རྒྱུ་མའི་རྩི་སྲུང་དང་དམར་བཤལ་གཅོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ས་མྱགས།
རྒྱ་ཡིག་གི་མིང་།
高岭土
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན། 

ས་སྨྱག

2 སྐྱེ་དབྱིབས།

ས་མྱགས་ལ་མདོག་དཀར་པོ་དང་དམར་པོ། སེར་པོ། སྐྱ་བོ་སོགས་ཁ་དོག་སྣ་ལྔ་ཡོད་ཅིང་། ངོ་བོ་སྙི་ཞིང་སྣག་པ་དང་འགའ་ཞིག་ལ་ཆགས་རིམ་ཡོད། སོ་མི་སེག་ཅིང་མར་ལྟར་སྣག་པ། སྐམ་པོར་རེག་ན་ལྕེ་ཐག་ཐག་ཏུ་འབྱར་བ་ཞིག་ཡིན། སྐུ་འདྲ་དང་རྫ་མ། དཀར་ཡོལ། ཤོག་བུ་སོགས་བཟོ་བའི་རྫས་ཡིན། གཞན་ཁང་པར་ཞལ་བ་བྱེད་པ་དང་ལྷ་བཟོའི་ཚོན་གདན་དུ་ཡང་སྤྱོད་བཞིན་ཡོད།

3 འཐུ་དུས་དང་ལས་སྣོན།

སྨན་ལ་མདོག་སྐྱ་བོ་དང་དཀར་པོ་གཉིས་བཀོལ་དགོས། འདུལ་མི་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་དང་དང་ཞུ་རྗེས་གཉིས་ཀ་མངར་བ་དང་། ནུས་པ་བསིལ།

5 རྐྱང་བའི་ཕན་ཡོན། 

རྒྱུ་མའི་རྩི་སྲུང་དང་དམར་བཤལ་གཅོད།


བརྡ་འགྲེལ་གདོང་འཛར།

ས་མྱགས། ས་སྨན། ཕན་ནུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།