ཐབ་ཀྱི་ས་ཚིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐབ་ཀྱི་ས་ཚིག
ས་སྨན་གྱི་རིགས་ཤིག་སྟེ། ཐབ་ཚིག་ས་ཡིས་རྒྱུ་མའི་སྲིན་ནད་སེལ་ཞེས་གསུངས་པ་ལྟར་རོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐབ་ཀྱི་ས་ཚིག
རྒྱ་ཡིག་གི་མིང་།
伏龙肝
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན། 

ཐབ་ས་ཚིག་རྙིང་ཡང་ཟེར།

2 སྐྱེ་དབྱིབས།

རབ་དགེ་འདུན་པའི་ཐབ་ཆེན་འོག་མིན་ཀྱང་ལོ་མང་དུ་མེ་ཆེར་བུས་པའི་ཐབ་འོག་གི་ས་ཚིག་ལན་ཚྭ་བྲོ་བའོ།། ཞེས་བསྟན་པ་ལྟར་ཐབ་ཀྱི་ས་ཚིག་ཅེས་པ་ནི་དགོན་པ་ཆེན་པོའི་དགེ་འདུན་པ་རྣམས་ཀྱི་ཇ་ཐུག་སོགས་བསྐོལ་སའི་ཐབ་ཆེན་གྱི་ནང་གི་ས་ཚིག་ལ་བྱ་ཞིང་། དེའི་རྒྱུ་མཚན་གཙོ་བོ་ནི་ཐབ་དེའང་ལོ་ཧ་ཅང་རིང་བོ་ཕྱིན་པས་མ་ཚད་མེ་ཆེན་རྒྱུན་མ་ཆད་པར་བཏང་བར་བརྟེན་ཐབ་ཀྱི་ས་ཚིག་དེ་སྐྱ་བོར་ཆགས་པ་དང་། དེའི་ངོ་བོ་ཡང་འགྱུར་ཏེ་གྲུབ་ཆ་གཞན་ཞིག་ཏུ་གྱུར་བ་ལ་ཐབ་ཀྱི་ས་ཚིག་ཅེས་ཟེར་བ་ཡིན་ནོ།།

3 འཐུ་དུས་དང་ལས་སྣོན། 

ས་ཚིག་རྙིང་བ་དེར་རྡོ་ལ་སོགས་པའི་དངོས་པོ་གཞན་མ་འདྲེས་པར་སྤྱོད་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་ཅུང་ལན་ཚྭ་བ་དང་ཞུ་རྗེས་ཁ་བ། ནུས་པ་དྲོ་བའོ།།

5 རྐྱང་བའི་ཕན་ཡོན། 

ཐབ་ཚིག་ས་ཡིས་རྒྱུ་མའི་སྲིན་ནད་སེལ་ཞེས་གསུངས་པ་ལྟར་རོ།།


བརྡ་འགྲེལ་གདོང་འཛར།

ཐབ་ཀྱི་ས་ཚིག ས་སྨན། ཕན་ནུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-10

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།