ཁྲུའོ་ཧན་གཡུལ་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲུའོ་ཧན་གཡུལ་འཁྲུག
ཁྲུའོ་ཧན་གཡུལ་འཁྲུག་ནི་ཞང་ཡུས་དང་ལིའུ་པང་གཉིས་ཀྱིས་སྲིད་དབང་འཕྲོག་རྩོད་བྱས་པའི་དམག་འཁྲུག་ཅིག་ཡིན་ལ། དེ་ཡང་སྤྱི་ལོ་སྔོན་གྱི206ལོར་ཁོ་གཉིས་ཀྱིས་དམག་དཔུང་གི་སྣེ་ཁྲིད་དེ་ཆིན་རྒྱལ་རབས་བསྣུབས་པའོ། །
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲུའོ་ཧན་གཡུལ་འཁྲུག
རྒྱ་ཡིག་གི་མིང་།
楚汉战争
དུས་ཚོད།
སྤྱི་ལོ་སྔོན་གྱི206ལོ།
རྒྱལ་ཕམ།
ལིའུ་པང་རྒྱལ།
1 ​ངོ་སྤྲོད་མདོར་བསྡུས།

ཁྲུའོ་ཧན་གཡུལ་འཁྲུག་ནི་ཞང་ཡུས་དང་ལིའུ་པང་གཉིས་ཀྱིས་སྲིད་དབང་འཕྲོག་རྩོད་བྱས་པའི་དམག་འཁྲུག་ཅིག་ཡིན་ལ། དེ་ཡང་སྤྱི་ལོ་སྔོན་གྱི206ལོར་ཁོ་གཉིས་ཀྱིས་དམག་དཔུང་གི་སྣེ་ཁྲིད་དེ་ཆིན་རྒྱལ་རབས་བསྣུབས་པའོ། ། 

2 མཇུག་འབྲས། 

ཞང་ཡུས་ནི་ཁེངས་རློམ་ཆེ་བས་དེ་སྔའི་དམ་བཅའ“སུ་སྔོན་ལ་མཁར་རྫོང་དུ་ཐོན་ན་དེ་རྒྱལ་པོ་ཡིན”ཞེས་པ་ཁས་མི་ལེན་པར་རང་ཉིད་ཁྲུའུ་ནུབ་མའི་བཙན་བདག་བྱས་ཏེ་རྒྱལ་ཕྲན་བཅོ་བརྒྱད་དུ་བགོས་ཤིང་། ལིའུ་པང་ཧན་གྱི་རྒྱལ་པོར་བསྐོས། ལིའུ་པང་གིས་ཆིན་རྒྱལ་རབས་ནས་བཟུང་རྒྱལ་ཕྲན་ཡོངས་གཅིག་གྱུར་ཏུ་འགྲོ་བའི་འཕེལ་ཕྱོགས་ལ་བསྟུན་ཅི་ཐུབ་བྱས་ཏེ། ཐོན་ཁུངས་ཀྱིས་ཕྱུག་པའི་ཀོན་ཀྲུང་ས་ཆ་ནས་གནས་བཅས་པར་རང་ཉིད་ཀྱི་རྒྱལ་ཕྲན་སྟོབས་དང་ལྡན་པར་གྱུར་ལ། ཞང་ཡུས་ཀྱིས་ཤར་ཕྱོགས་ཀྱི་ཐན་ཆི་ཟིང་འཁྲུག་ལ་དྲག་གནོན་བྱེད་བཞིན་པའི་གླགས་དང་བསྟུན་ནས་ཁོས་སན་ཆིན་ས་ཆ་བདེ་ལ་བཀོད་པར་མ་ཟད། རྒྱབ་ཕྱོགས་ནས་ཞང་ཡུས་ལ་རྒོལ་ཅིང་ཁྲུའུ་ཧན་དམག་འཁྲུག་གི་འགོ་བརྩམས། དམག་འཁྲུག་དེ་སྔ་གཞུག་ཏུ་ལོ་ངོ་བཞི་ཙམ་ལ་བརྒྱབ། ལིའུ་པང་བློན་པོ་མཛངས་མི་འདམས་པར་མཁས་ལ། འོས་འཚམ་གྱི་སྲིད་ཇུས་ལག་ཏུ་བསྟར་བས་མཐར་ཞང་ཡུས་ཕམ་པར་བརྒྱབ་པ་དང་། ཞང་ཡུས་ཀྱིས་རང་སྲོག་བཅད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།