བཙག་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཙག་རྡོ།
བཙག་རྡོ་ནི་རྡོ་སྨན་གྱི་རིགས་ཤིག་སྟེ། ལིག་བུ་མིག་དང་དེ་བཞིན་བཙག་ཡུག་རྣམས།། མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ།། ཞེས་གསུངས་པ་ལྟར་རོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བཙག་རྡོ།
རྒྱ་ཡིག་གི་མིང་།
赤石脂
ཕྱི་ཡིག་གི་མིང་།
Lterinm
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
གསོ་བ་རིག་པ།
1 མིང་གཞན། 

ཏུམ་ཡ། གྲོག་བཅག་མེ་ལྕི་བ། ཚོན་ཆེན། ལེ་བརྒན་མེ་ཏོག་བཅས་སོ།

2 སྐྱེ་དབྱིབས།

རྡོ་དམར་པོའི་རིགས་ཏེ། ཡུལ་སྐད་དུ་བཙག་ཟེར་བ་དེ་དར་མོའི་གསེར་མཆན་ལས། བཙག་དམར་ནི། སྲུབ་མང་མདུང་རྗེ་འདྲ་བ་དང་། མཆོག་ནི་རྒྱ་གར་བ་རྣམས་ཀྱི་གོས་ཚོས་བྱེད་པའི་འགེ་རུ་ཞེས་པ་དེ་དང་། དམན་པ་ནི་འབྲི་གུང་ནས་འབྱུང་བ་གྲོག་བཙག་ཏུ་གྲགས་པ་དེ་ལ་སོགས་པ་རྣམས་སོ།། ཞེས་བསྟན་པ་ལྟར་བཙག་ནི་བཙག་རྡོ་དང་མི་འདྲ་བར་ས་འོག་ནས་བཏོན་པའི་ས་ཞིབ་མི་དང་མདོག་དམར་སྨུག་ཡོངས་གྲགས་བཙག་ཅེས་གྲུ་འཛིན་གཉིས་པའི་ཕོ་བྲང་ཕོ་ཏ་ལ་དང་། དགོན་སྡེ་ཁག་གི་རྟེན་ཁང་སོགས་དམར་པོ་བཟོ་བྱེད་དང་ཤིང་ཚོན་གཏོང་བྱེད་སོགས་ཀྱི་ས་དམར་དེ་ལ་ཟེར།

3 འཐུ་དུས་དང་ལས་སྣོན།  

བཙག་དམར་གཙང་མ་དེ་སྤང་རམ་དང་མཉམ་དུ་ཆུ་ཚོད་གཅིག་ཙམ་ལ་བཙོས་ཏེ་ཕྱི་ཉིན་ནངས་པར་ཆུ་འཕོ་ལ་སླར་ཡང་བོང་དམར་དང་མཉམ་དུ་བཙོས་མཐར་དག་པར་བཤལ་ནས་སྐམ་ཏེ་བེད་སྤྱད་ཆོག

4 རོ་དང་ཞུ་རྗེས་ནུས་པ།

རོ་བསྐ་ལ་ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་སྐམ་པ།

5 རྐྱང་བའི་ཕན་ཡོན། 

ལིག་བུ་མིག་དང་དེ་བཞིན་བཙག་ཡུག་རྣམས།། མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ།། ཞེས་གསུངས་པ་ལྟར་རོ།།


བརྡ་འགྲེལ་གདོང་འཛར།

བཙག་རྡོ། ཕན་ནུས། སྨན་རྫས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-03

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།