ཁྲམ་ཕང་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲམ་ཕང་དམག་འཁྲུག
ཁྲང་ཕང་དམག་འཁྲུག་ནི་ཀྲན་གོའི་དུས་མཇུག་ཏུ་ཆིན་དང་ཀྲའོ་རྒྱལ་ཕྲན་གཉིས་ཀྱིས་ཧན་རྒྱལ་ཕྲན་གྱི་ཧྲང་དང་ཏང་ཅེན་འཕྲོག་རེས་བྱས་པའི་གཡུལ་འཁྲུག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲམ་ཕང་དམག་འཁྲུག
རྒྱ་ཡིག་གི་མིང་།
长平之战
དུས་ཚོད།
སྤྱི་ལོ་སྔོན་གྱི260ལོ།
སྡོད་དམངས།
ཁྲང་ཕང་།
མཇུག་འབྲས།
ཆིན་རྒྱལ་བ་དང་ཀྲའོ་ཕམ།
1 ​ངོ་སྤྲོད་མདོར་བསྡུས། 

ཁྲང་ཕང་དམག་འཁྲུག་ནི་ཀྲན་གོའི་དུས་མཇུག་ཏུ་ཆིན་དང་ཀྲའོ་རྒྱལ་ཕྲན་གཉིས་ཀྱིས་ཧན་རྒྱལ་ཕྲན་གྱི་ཧྲང་དང་ཏང་ཅེན་འཕྲོག་རེས་བྱས་པའི་གཡུལ་འཁྲུག་ཅིག་ཡིན། 

2 ནང་དོན།

སྤྱི་ལོ་སྔོན་གྱི260ལོར་ཀྲའོ་ཡི་བློན་ཆེན་ཆན་ཕའོ་ཡིས་དམག་འཁྲུག་གི་སྣེ་ཁྲིད་དེ་ཁྲང་ཕང་བསྲུང་ཆེད་མཁར་རྫོང་སྲ་མོར་བརྩིགས་ཤིང་། ཆིན་དམག་དང་ཐད་ཀར་གདོང་ཐུག་གི་གཡུལ་མི་འགྱེད་པར་དགྲ་དམག་ལུས་ཐང་ཆད་ཅིང་སེམས་ཤུགས་ཉམས་པར་སྒུག་ནས་བསྡད། དེ་བས་ཆིན་རྒྱལ་ཕྲན་གྱི་ཉུལ་མས་ཀྲའོ་རྒྱལ་བོ་ལ་མགོ་སྐོར་བཏང་པར་ཀྲའོ་རྒྱལ་བོ་གཡོ་འོག་ཏུ་ཚུད་དེ་བློན་པོ་ཆན་ཕའོ་ཕྱིར་འཐེན་བྱས་ཏེ། གཡུལ་སར་བློན་པོ་ཀྲའོ་ཁའོ་མངགས། ཀྲའོ་ཁའོ་ནི་ང་རྒྱལ་དང་རང་རློམ་ཆེ་བའི་མི་ཞིག་ཡིན་པས་ཆིན་གྱིས་ཞན་ཆ་དེ་བེད་སྤྱད་དེ་ཀྲའོ་ཁའོ་དཔུང་དང་བཅས་པ་མཐའ་ནས་བསྐོར་ཞིང་། ཀྲའོ་རྒྱལ་ཁབ་ཀྱི་དཔུང་རོགས་དང་ཁ་ཟས་ཀྱི་ལམ་བཅད། ཀྲའོ་ཁའོ་སོགས་དགྲ་བོའི་སྐོར་བ་ལས་ཐར་ཐབས་བྱེད་པའི་སྐབས་སུ་ཆིན་དམག་གི་མདས་བསད། ཀྲའོ་དམག་ཁྲི40ལྷག་དགྲ་བོས་བཟུང་ཞིང་མང་ཆེ་ཤོས་གསོན་སྦས་བྱས། གཡུལ་འགྱེད་འདི་ཕམ་པ་ལས་ཀྲའོ་རྒྱལ་ཕྲན་གྱི་སྟོབས་ཤུགས་ཉམས་རྒུད་དུ་སོང་པ་དང་། ཆིན་གྱིས་རྗེས་མར་རྒྱལ་ཕྲན་དྲུག་གཅིག་གྱུར་ཡོང་བར་རྨང་གཞི་བརྟན་པོ་བཞག་གོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།