སྤང་སྤོས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྤང་སྤོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐྱེ་དངོས།)

ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག མེ་ཏོག་དམར་སྨུག་གདུགས་དབྱིབས་ཅན། རྩ་བ་དྲི་ཞིམ་སྤོས་དྲི་བྲོ། རོ་ཅུང་ཟད་ཁ། ཞུ་རྗེས་བསིལ། ནུས་པས་དུག་ཚད་དང་། སྙིང་ཚད་ཚ་བས་ལུས་སྐྲངས་པ་བཅས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘松
ཕྱི་ཡིག་གི་མིང་།
nardostachys grandiflower (used in Tibetan medicine)
མིང་གཞན།
དྲི་སྲས་དང་སྤུ་ཅན། དྲི་ཆེན་ཐོད་དམར། པ་ཥ་ན་ད།
ཁོངས་གཏོགས།
རྩྭ་སྨན་གྱི་རིགས།
1 ངོ་སྤྲོད།

འཁྲུངས་དཔེ་ལས། སྤང་སྤོས་ཞེས་བྱ་དྲི་བསུང་ལྡན། ། སྲིབ་ཀྱི་སྤང་ལས་སྐྱེ་བ་ཡིན། ། ལོ་མ་གཡུ་ཡི་གཞོང་བ་འདྲ། ། སྡོང་བུ་སྨུག་ལ་མེ་ཏོག་དམར། ། ལུང་པ་དྲི་ཞིམ་སྤོས་ཀྱིས་འགེངས། ། འདི་ལ་ལྷ་རྣམས་རྟག་ཏུ་མཉེས། ། ཞེས་གསུངས་པ་རྩ་བ་མཛུབ་མོའི་སྦོམ་ཕྲ་ཙམ་ལ་ཡལ་ཕྲན་དང་། དྲེག་པ་ནག་པོ་དང་བཅས་སྟོད་ཆར་ཤུན་པ་ཁམ་ནག་སྤུ་སོབ་ཀྱིས་གཡོགས་པ། ལོ་མ་འཇོང་ནར་རྒྱབ་ལྗང་སྐྱ་སྟོད་ཞེང་ཆེ་ལ་སྨད་ཕྲ་བ་ཤིང་ཉ་བྲིད་ཀྱི་ལོ་མ་འདྲ་བ་མང་པོའི་དབུས་སུ་ངར་བ་དྲང་པོར་སྐྱེ་ཞིང་། སྟོད་ཆར་ཡལ་ག་ཁ་སྤྲོད་དུ་སྐྱེ་བའི་རྩེར་མེ་ཏོག་ཟིང་དམར་སྦུབ་དབྱིབས་འདབ་མ་བཞི་རེ་ཅན་བརྒྱད་དགུ་ཙམ་ཚོམ་བུར་བཞད་པས་གདུགས་དབྱིབས་སུ་ཆགས་པ་དང་། སྟོན་དུས་སྐྱེ་སའི་ཕྱོགས་ཀུན་ཏུ་དྲི་ཞིམ་གྱིས་ཁྱབ་པའོ། ། 

2 སྐྱེ་གནས།

མཚོ་ངོས་ལས་སྨི3500-4200བར་གྱི་ཡུལ་འགའི་སྤང་དང་ཤིང་གསེབ་སོགས་སུ་སྐྱེ།

3 སྦྱར་བྱ།

སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་ཏེ་སྤྱི་ཟླ7-9པའི་དུས་སུ་བཏུ།

4 ཉར་ཐབས།

ས་དྲེག་སོགས་གཙང་མར་བཀྲུས་ཏེ་སྔོ་ཆོལ་དམའ་ཕབ་བསིལ་སྐམ་བྱ།

5 ངོ་བོ།

རོ་ཁ་ལ་ངོ་བོ་བསིལ།

6 ཕན་ནུས།

ཚད་པ་རྙིང་བ། དུག་ཚད། གཉན་གྱིས་སྐྲངས་པ་སོགས་འཇོམས་ཤིང་འདུལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-30

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།