ཀྲན་གོའི་དུས་སྐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲན་གོའི་དུས་སྐབས།
ཀྲན་གོའི་དུས་སྐབས་ནི་སྤྱི་ལོ་སྔོན་གྱི475ལོ་ནས་སྤྱི་ལོ་སྔོན་གྱི221ལོར་ཆིན་གྱིས་རྒྱལ་ཁབ་གཅིག་གྱུར་བྱས་པའི་བར་གྱི་ལོ་རྒྱུས་དུས་སྐབས་ལ་ཟེར་ཞིང་། རྒྱལ་ཕྲན་སོ་སོས་ཕན་ཚུན་བར་ལོ་བསྟུད་མར་དམག་འཁྲུག་བརྒྱབ་པ་ལས་ཀྲན་གོ་ཞེས་པའི་མིང་ཐོགས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
ས་གནས།
ཀྲུང་གོ།
དུས་ཚོད།
སྤྱི་ལོ་སྔོན་གྱི(475-221)ལོ།
1 ངོ་སྤྲོད་མདོར་བསྡུས། 

སྤྱི་ལོ1972ལོའི་ཟླ4པར་ཧྲན་ཏུང་ཡའེ་ཆན་ཧྲན་འཕྲོད་བསྟེན་ལས་ཁུངས་ཀྱི་བཟོ་སྐྲུན་ལས་གནས་སུ་གནའ་བོའི་དུར་ས་ཞིག་རྙེད་ལ། དེའི་རྗེས་སུ་གནའ་དཔྱད་པས་ས་དེ་ནས་སྨྱུག་ལེབ་དཔེ་ཆ་འབོར་ཆེན་རྙེད། དཔེ་དེབ་དེ་དག་ལ་རྩོམ་སྒྲིག་མཁན་གྱིས་ཀྲན་གོའི་འཕྲིན་ཡིག་ཕྱོགས་བསྒྲིགས་ཞེས་པའི་མིང་བཏགས་འདུག་ཅིང་། དེ་ནི་ཀྲན་གོའི་དུས་སྐབས་ཀྱི་གཏམ་བརྗོད་ཡིག་ཆ་ཡིན།

ཀྲན་གོའི་དུས་སྐབས་ནི་སྤྱི་ལོ་སྔོན་གྱི475ལོ་ནས་སྤྱི་ལོ་སྔོན་གྱི221ལོར་ཆིན་གྱིས་རྒྱལ་ཁབ་གཅིག་གྱུར་བྱས་པའི་བར་གྱི་ལོ་རྒྱུས་དུས་སྐབས་ལ་ཟེར་ཞིང་། རྒྱལ་ཕྲན་སོ་སོས་ཕན་ཚུན་བར་ལོ་བསྟུད་མར་དམག་འཁྲུག་བརྒྱབ་པ་ལས་ཀྲན་གོ་ཞེས་པའི་མིང་ཐོགས། 

2 ནང་དོན།

རྒྱལ་ཕྲན་ཆེ་བས་ཆུང་བ་དབང་དུ་བསྡུས་ཤིང་། མཐར་རྒྱལ་ཕྲན་ཆེ་བ་བདུན་བཙན་བདག་ཏུ་གྱུར་པའི་གནས་བབ་ཆགས། རྒྱལ་ཕྲན་སོ་སོས་རང་ཉིད་ཀྱི་སྟོབས་ཤུགས་དང་དམག་ཤུགས་ཇེ་ཆེར་ཡོང་ཆེད་སྔ་གཞུག་ཏུ་བཅོས་བསྒྱུར་དང་ལུགས་བསྒྱུར་བྱས་པར། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་ལམ་ལུགས་འཛུགས་པའི་མགོ་བརྩམས། སྤྱི་ལོསྔོན་གྱི221ལོར་སྟོབས་འབྱོར་ཅུང་ཟད་རྒྱས་པའི་ཆིན་རྒྱལ་ཕྲན་གྱིས་སྔ་གཞུག་ཏུ་ཀྲོའུ་རྒྱལ་བོ་ཚང་དང་རྒྱལ་ཕྲན་གཞན་པ་དྲུག་པོ་རྩ་མེད་དུ་བཏང་སྟེ་གཅིག་གྱུར་བྱས། ཀྲན་གོའི་དུས་སྐབས་ནི་ཀྲུང་གོའི་བསམ་བློ་དང་རིག་གཞུང་འཕེལ་བའི་རྫོགས་ལྡན་དུས་སྐབས་ཡིན་ཏེ། བསམ་བློ་བ་དང་ཆབ་སྲིད་པ་རླབས་པོ་ཆེ་མང་དུ་བྱུང་བས་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཆགས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།