སྤོ་རུང་གསོག་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤོ་རུང་གསོག་ཆས་ཀྱི་དབྱིན་ཇིའི་མིང་ལPortable Storage Deviceཟེར་ཞིང་། མིག་སྔར་སྤྱོད་རྒྱ་ཅུང་ཆེ་བ་ནིUསྡེར་དང་འཁྱེར་བདེ་སྲ་སྣོད་ཡིན། དེ་གཉིས་ལ་མཐུད་སྤྱོད་ཟུང་འཇུག་གི་ཁྱད་ཆོས་ལྡན་པས་བཀོལ་ན་ཧ་ཅང་སྟབས་བདེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
可移动磁盘
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

སྤོ་རུང་གསོག་ཆས་ཀྱི་དབྱིན་ཇིའི་མིང་ལPortable Storage Deviceཟེར་ཞིང་། མིག་སྔར་སྤྱོད་རྒྱ་ཅུང་ཆེ་བ་ནིUསྡེར་དང་འཁྱེར་བདེ་སྲ་སྣོད་ཡིན། དེ་གཉིས་ལ་མཐུད་སྤྱོད་ཟུང་འཇུག་གི་ཁྱད་ཆོས་ལྡན་པས་བཀོལ་ན་ཧ་ཅང་སྟབས་བདེ་བ་ཡིན།

2 Uསྡེར་སྤྱོད་ཚུལ།

འཁྱེར་བདེ་སྲ་སྡེར་དང་བསྡུར་ནUསྡེར་གྱི་བོངས་ཚད་ཆུང་ཞིང་འཁྱེར་བདེ་བ་ཡིན། མིག་སྔར་རྒྱུགས་ཆེ་བའིUསྡེར་ཀྱི་ཤོང་ཚད་ནི1G~4Gརེད། ཐོག་མརUསྡེར་དེ་རྩིས་འཁོར་གཙོ་པང་གིUSBམཐུད་སྣེར་མཐུད་རྗེས། ལས་འགན་ཚང་གི་གཡས་མཐའི་ཟུར་དུUSBདང་སྦྲེལ་བའི་སྒྲིག་ཆས་ཀྱི་རིས་རྟགས་མངོན་པ་ཡིན། བདེ་བླག་ངང་སྦྲེལ་མཐུད་བྱས་རྗེས་གླེང་སྒྲོམ་རང་གཏོང་ཁ་ཕྱེ་བ་དང་། མཐེབ་གནོན་ཡིག་ཁུག་གི་ཁ་ཕྱེ་ནས་ཡིག་ཆར་ལྟ་བ་ལ་ཆིག་རྡེབ་བྱོས། སྒེའུ་ཁུང་རྩིས་འཁོར་དུ་སྤོ་རུང་སྡུད་སྡེར་ལ་ཉིས་རྡེབ་བྱས་ན། Uསྡེར་ཁ་ཕྱེ་ཐུབ་པ་ཡིན་པ་དང། Uསྡེར་བེད་སྤྱད་རྗེསUSBམཐུད་སྣེ་ནས་ཐད་ཀར་ཁ་འཕྲལ་མི་རུང་སྟེ། གལ་སྲིད་ཨུ་ཚུགས་ཀྱིས་ཁ་འཕྲལ་ན་གཞི་གྲངས་འབོར་བའམ་རྩིས་འཁོར་ལ་སྐྱོན་འབྱུང་ངེས། 

3 སྤོ་རུང་སྲ་སྡེར་སྤྱོད་ཚུལ།

སྤོ་རུང་སྲ་སྡེར་ནི་མགྱོགས་ཚད་མྱུར་ཞིང་ཤོང་ཚད་ཆེ་བས་སྤྱོད་མཁན་ཚང་མའི་བློ་མོས་དང་འཚམ་པ་ཡིན། དེ་ལས་ཀྱང་གཞི་གྲངས་གསོག་ཉར་གྱི་བདེ་འཇགས་ལ་ཡིད་རྟོན་འཕེར་ཆོག་པ་ཡིན། དེའི་བཀོལ་ཐབས་ནིUསྡེར་དང་མཚུངས་པས་སྤོ་རུང་སྲ་སྡེར་བཅུག་རྗེས། USBདང་སྦྲེལ་བའི་སྒྲིག་ཆས་རིས་རྟགས་མངོན་ངེས་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།