རིས་འབྲིའི་བྱ་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིས་འབྲིའི་བྱ་རིམ་ནི་ཁ་དོག་ཕུན་སུམ་ཚོགས་པའི་བརྙན་རིས་འབྲི་བ་དང་སྒྲིག་གཅོད་བྱེད་པའི་བྱ་རིམ་ཞིག་ཡིན། འདི་ཉིད་སྤྱད་ནས་དཀར་ནག་གམ་ཚོན་མདོག་ལྡན་པའི་པར་རིས་བཟོ་ཆོག་ལ། རིས་འབྲིའི་བྱ་རིམ་སྤྱད་ནས་པར་རིས་ལ་ལྟ་བ་དང་རྩོམ་སྒྲིག་བྱས་ཆོག་པ་དང་། རིས་འབྲིའི་བྱ་རིམ་གྱི་འཆར་ངོས་ནི་ངེས་སླ་ཞིང་སྤྱོད་བདེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
画图
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

རིས་འབྲིའི་བྱ་རིམ་ནི་ཁ་དོག་ཕུན་སུམ་ཚོགས་པའི་བརྙན་རིས་འབྲི་བ་དང་སྒྲིག་གཅོད་བྱེད་པའི་བྱ་རིམ་ཞིག་ཡིན། འདི་ཉིད་སྤྱད་ནས་དཀར་ནག་གམ་ཚོན་མདོག་ལྡན་པའི་པར་རིས་བཟོ་ཆོག་ལ། རིས་འབྲིའི་བྱ་རིམ་སྤྱད་ནས་པར་རིས་ལ་ལྟ་བ་དང་རྩོམ་སྒྲིག་བྱས་ཆོག་པ་དང་། རིས་འབྲིའི་བྱ་རིམ་གྱི་འཆར་ངོས་ནི་ངེས་སླ་ཞིང་སྤྱོད་བདེ་བ་ཡིན།

2 ཤེས་རྟོགས་བྱ་ཚུལ།

རིམ་འབྲིའི་བྱ་རིམ་བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་འགོ་སློང་བྱ་དགོས་ཏེ། གདམ་བྱང་འགོ་རྩོམ་གྱི་ཞོར་ཆས་དུ་རིས་འབྲིའི་བྱ་རིམ་གྱི་ཁ་ཕྱེ་ཆོག རིམ་འབྲིའི་བྱ་རིམ་གྱི་འཆར་ངོས་གཙོ་བོར་གདམ་བྱང་ཚང་དང་། ལག་ཆའི་སྒམ། མདོག་སྣོད། རིས་འབྲིའི་ཁུལ་སོགས་ཀྱིས་གྲུབ་ཡོད།

2_1 གདམ་བྱང་ཚང་། 

རིས་འབྲིའི་བྱ་རིམ་གྱི་བཀོལ་སྤྱོད་བཀའ་བརྡ་ཚང་མ་མཁོ་འདོན་བྱས་ཡོད།

2_2 ལག་ཆའི་སྒམ། 

རི་མོ་འབྲི་སྐབས་སུ་མཁོ་བའི་ལག་ཆ་ཚང་མ་མཁོ་འདོན་བྱས་ཡོད།

2_3 མདོག་སྣོད།

སྤྱད་ཆོག་པའི་ཚོན་མདོག་སྣ་ཚོགས་མཁོ་འདོན་བྱས་ཡོད་པར་མ་ཟད། སྤྱོད་མཁན་གྱི་དགོས་མཁོར་གཞིགས་ནས་སྔུན་མདོག་དང་རྒྱབ་ལྗོངས་ཀྱི་མདོག་སྒྲིག་འགོད་བྱས་ཆོག

2_4 རིམ་འབྲིའི་ཁུལ།

རིས་འབྲིའི་གནས་སམ་ཡུལ་ཏེ། དཔེར་ན་རི་མོ་འབྲི་སའི་ཤོག་བུ་ལྟ་བུའོ།།

3 རིས་དབྱིབས་དགོད་ཚུལ།

རིས་འབྲིའི་བྱ་རིམ་གྱི་གྲུབ་ཆ་དག་ལ་ངེས་ཤེས་གསལ་པོ་ཞིག་རྙེད་རྗེས། གཞི་ནས་རིས་འབྲིའི་ལས་ལ་ཞུགས་ཆོག་པ་ཡིན། སྤྱོད་མཁན་གྱིས་རིས་འབྲིའི་བྱ་རིམ་གྱི་བྱེད་ནུས་ལ་ངེས་ཤེས་ཟབ་གསལ་ཞིག་འདྲོངས་ཕྱིར་བྱ་རིམ་སྒེའུ་ཁུང་གི་རིས་འབྲི་ཡི་ཁ་ཕྱེ་སྟེ། གདམ་བྱང་དུ་བརྙན་རིས་ཀྱི་བཀའ་བརྡ་གཏོགས་གཤིས་འདོམས་པ་དང་། འབྲི་ཤོག་གི་ཞེང་ཚད་དང་མཐོ་ཚད་ལ་སྒྲིག་འགོད་བྱེད་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།