འབྲི་པང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲི་པང་ནི་རྒྱུད་ཁོངས Windows Vista ཡི་རྩ་བར་གྱུར་བའི་ཡི་གེ་སྒྲིག་གཅོད་བྱ་རིམ་ཞིག་ཡིན། དེ་ནི་ཡིག་ཚགས་བཟོ་བ་དང་རྩོམ་སྒྲིག ལྟ་བ། པར་འདེབས་བཅས་སུ་སྤྱད་ཆོག་པ་ཡིན། སྤྱོད་མཁན་གྱིས་དེ་ཉིད་སྤྱད་ནས་ཡིག་ཤོག་དང་དཔེ་ཀློག་སྙན་ཞུ། ཅུང་སླ་བའི་ཡིག་ཚགས་སོགས་རྩོམ་སྒྲིག་བྱེད་ཐུབ་ལ། གཞན་ཡིག་རྐྱང་གི་ཕྱི་རྣམ་བཟོ་བཅོས་དང་དུམ་མཚམས་སྒྲིག་པ། ད་དུང་དུམ་མཚམས་དང་དུམ་མཚམས་བར། ཡིག་ཚགས་དང་ཡིགཚགས་ཕན་ཚུན་འདྲ་ཕབ་དང་སྦྱོར་ཐུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
写字板
རིགས་དབྱེ།
རྩིས་འཁོར།
1 ངོ་སྤྲོད།

འབྲི་པང་ནི་རྒྱུད་ཁོངས Windows Vista ཡི་རྩ་བར་གྱུར་བའི་ཡི་གེ་སྒྲིག་གཅོད་བྱ་རིམ་ཞིག་ཡིན། དེ་ནི་ཡིག་ཚགས་བཟོ་བ་དང་རྩོམ་སྒྲིག ལྟ་བ། པར་འདེབས་བཅས་སུ་སྤྱད་ཆོག་པ་ཡིན། སྤྱོད་མཁན་གྱིས་དེ་ཉིད་སྤྱད་ནས་ཡིག་ཤོག་དང་དཔེ་ཀློག་སྙན་ཞུ། ཅུང་སླ་བའི་ཡིག་ཚགས་སོགས་རྩོམ་སྒྲིག་བྱེད་ཐུབ་ལ། གཞན་ཡིག་རྐྱང་གི་ཕྱི་རྣམ་བཟོ་བཅོས་དང་དུམ་མཚམས་སྒྲིག་པ། ད་དུང་དུམ་མཚམས་དང་དུམ་མཚམས་བར། ཡིག་ཚགས་དང་ཡིགཚགས་ཕན་ཚུན་འདྲ་ཕབ་དང་སྦྱོར་ཐུབ་པ་ཡིན།

2 འགོ་སློང་ཚུལ།

འབྲི་པང་བྱ་རིམ་བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་འགོ་སློང་དགོས་ཏེ། གདམ་བྱང་འགོ་རྩོམ་གྱི་ཞོར་ཆས་དུ་འབྲི་པང་བྱ་རིམ་གྱི་ཁ་ཕྱེས་ཆོག་པ་ཡིན། འབྲི་པང་བྱ་རིམ་གྱི་འཆར་ངོས་ནི་གདམ་བྱང་ཚང་དང་། ལག་ཆའི་ཚང་། རྣམ་བཞག་ཚང་། ཚད་ཁྲེ་དང་ཡིག་ཚགས་ཁུལ་བཅས་ཀྱིས་གྲུབ་པ་ཡིན།

2_1 གདམ་བྱང་ཚང་།

འདིའི་ནང་དུ་འབྲི་པང་བྱ་རིམ་གྱི་བཀོལ་སྤྱོད་བཀའ་བརྡ་ཅི་རིགས་མཁོ་འདོན་བྱས་ཡོད།

2_2 ལག་ཆའི་ཚང་།

ཡི་གེ་རྩོམ་སྒྲིག་བྱེད་དུས་སུ་མཁོ་བའི་ལག་ཆའི་མཐེབ་གནོན་ཅི་རིགས་མཁོ་འདོན་བྱས་ཡོད་ཅིང་། ལག་ཆ་འདི་དག་གིས་ཡི་གེ་རྩོམ་སྒྲིག་བྱེད་པའི་ལས་ཀ་མང་ཆེ་བ་ལེགས་འགྲུབ་བྱ་ཐུབ།

2_3 རྣམ་བཞག་ཚང་།

ཡིག་གཟུགས་དང་། ཁ་དོག སྙོམས་སྒྲིག་སོགས་ཀྱི་ལག་ཆའི་མཐེབ་གནོན་མཁོ་འདོན་བྱས་ཡོད།

2_4 ཚད་ཁྲེ།

ཡིག་རྐྱང་གི་བཀོད་པ་དང་། གནས་ཡུལ་སོགས་ཞིབ་བཤེར་བྱ་ཐུབ།

2_5 ཡིག་ཚགས་ཁུལ།

ཡི་གེ་ནང་འཇུག་བྱེད་པ་དང་། ཡིག་རྐྱང་བཟོ་བཅོས་སམ་ཡང་ན་རྣམ་བཞག་བེད་སྤྱོད་ཆོག

3 རྩོམ་སྒྲིག་བྱ་ཚུལ།

འབྲི་པང་བྱ་རིམ་གྱི་འཆར་ངོས་ལ་རྒྱུས་ལོན་པ་བྱུང་རྗེས། འབྲི་པང་གི་ཡིག་ཚགས་ཁུལ་དུ་ཡི་གེ་ནང་འཇུག་བྱས་ཆོག་སྟེ། འབྲི་པང་བྱ་རིམ་གྱི་ཁ་ཕྱེ་རྗེས། གང་འཚམ་གྱི་བོད་ཡིག་ནང་འཇུག་བྱེད་སྟངས་ཤིག་འདེམས་པ་དང་། དེ་ནས་ཡིག་ཚགས་ཁུལ་དུ་ཡི་གེ་ཕྲེང་སྟར་ནང་འཇུག་བྱེད་པ། ཡི་གེའི་ཕྲེང་སྟར་འདི་བདམས་རྗེས། དེའི་ཁ་བྱང་ཡིག་གཟུགས་ནག་བྲིས་དང་། ཆེ་ཆུང་གསུམ་པ། གཟུགས་དབྱིབས་སྦོམ་བྲིས། དཀྱིལ་སྙོམས་བཅས་སུ་སྒྲིག་འགོད་བྱོས།  དེ་ནས་དངོས་གཞིའི་ནང་དོན་ནག་བྲིས་དང་། ཆེ་ཆུང་གསུམ་པ། གཟུགས་དབྱིབས་གསེག་མར་སྒྲིགས། རྩོམ་སྒྲིག་བྱས་ཚར་རྗེས་ཡིག་ཆ་ལས་བཀའ་བརྡ་ཉར་ཚགས་འདོམས།

བརྡ་འགྲེལ་གདོང་འཛར།

འབྲི་པང་། རྩོམ་སྒྲིག འཆར་ངོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།