ཕིང་ཝང་ཤར་དུ་གནས་སྤོས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་ཝང་ཤར་དུ་གནས་སྤོས་པ།
ཕིང་ཝང་ཤར་དུ་གནས་སྤོས་པ་ཞེས་པ་ནི་ཀྲོའུ་ནུབ་མའི་དུས་མཇུག་ཏུ་ཀྲོའུ་ཕིང་ཝང་གིས་རྒྱལ་ས་ཧའོ་ཅིང་ནས་ལུའོ་དབྱི་ལ་གནས་སྤོར་པའི་ལོ་རྒྱུས་དོན་རྐྱེན་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平王东迁
དུས་སྐབས།
ཀྲོའུ་ནུབ་མའི་དུས་མཇུག
སྤར་གནས།
རྒྱལ་ས་ལུའོ་དབྱི།
མིང་གཞན།
ཀྲོའུ་ཤར་མ།
1 ​ངོ་སྤྲོད་མདོར་བསྡུས། 

《སྙན་ངག་ཕྱོགས་བསྒྲིགས》ཁྲོད་ཀྱི་སྙན་ངག《ཧྲུའུ་ལིས》ཞེས་པའི་ནང་དོན་གཙོ་བོ་ནི་ཀྲོའུ་ཤར་མའི་སྐབས་ཀྱི་རྒྱལ་རིགས་དཔོན་པོ་ཞིག་ཀྲོའུ་ནུབ་མའི་རྒྱལ་ས་ཧའོ་ཅིང་བརྒྱུད་ནས་ལམ་དུ་ཆས་པར། སྔོན་གྱི་གཟི་བརྗིད་ལྡན་པའི་ཕོ་བྲང་གི་ཤུལ་དུ་ལོ་ཏོག་སྟུག་པོར་སྐྱེས་ཡོད་པ་མཐོང་རྗེས་རྒྱལ་ཁབ་ཉམས་ཞིང་རྒུད་པའི་སྡུག་བསྔལ་ཆེན་པོ་སྐྱེས་པའི་ཚུལ་བྲིས་ཡོད།

ཕིང་ཝང་ཤར་དུ་གནས་སྤོས་པ་ཞེས་པ་ནི་ཀྲོའུ་ནུབ་མའི་དུས་མཇུག་ཏུ་ཀྲོའུ་ཕིང་ཝང་གིས་རྒྱལ་ས་ཧའོ་ཅིང་ནས་ལུའོ་དབྱི་ལ་གནས་སྤོར་པའི་ལོ་རྒྱུས་དོན་རྐྱེན་དེ་ལ་ཟེར། 

2 ནང་དོན།

ཀྲོའུ་ཕིང་ཝང་ནི་ཀྲོའུ་ཡིའུ་ཝང་གི་བུ་རེད། སྤྱི་ལོ་སྔོན་གྱི771ལོར་ནུབ་ཕྱོགས་སུ་འཚོ་བའི་ཆོན་རིང་མི་རིགས་ཀྱིས་ཀྲོའུ་ལ་དམག་དྲངས་ཏེ་རྒྱལ་ས་ཧའོ་ཅིང་བདག་ཏུ་བཟུང་ཞིང་། ཀྲོའུ་ཡིའུ་ཝང་བསད་དེ་རྒྱལ་བོར་ཀྲོའུ་ཕིང་ཝང་བསྐོས། ཟིང་འཁྲུག་དེས་ཧའོ་ཅིང་ལ་གཏོར་བརླག་ཚད་མེད་བཟོས་པས་རྒྱལ་ཁབ་ཀྱི་རྒྱལ་ས་བྱེད་དཀའ་བར་གྱུར། དེས་མི་ཚད་ཀྲོའུ་ནུབ་མས་ཆོན་རོང་རིགས་ཀྱི་ཚུར་རྒོལ་གྱི་ཉེན་ཁ་ལས་ཐར་ཆེད། སྤྱི་ལོ་སྔོན་གྱི770ལོར་ཕིང་ཝང་གིས་རྒྱལ་བློན་གྱི་རོགས་སྐྱོར་འོག་རྒྱལ་ས་ལུའོ་དབྱི་རུ་སྤར་བ་དང་། ལོ་རྒྱུས་སུ་དེར་ཀྲོའུ་ཤར་མ་ཟེར། ཀྲོའུ་རྒྱལ་བོ་ཚང་ཤར་ཕྱོགས་ལུའོ་དབྱི་རུ་གནས་སྤར་རྗེས་མངའ་ཁོངས་ཉིན་རེ་ལས་ཉིན་རེར་ཇེ་ཆུང་དུ་སོང་ཞིང་། དབང་ཤུགས་ཉམས་ལ་རྒྱལ་ཕྲན་རྣམས་ལ་དབང་བསྐུར་མི་ཐུབ་པར་གྱུར་པས། རྒྱལ་ཕྲན་ཕན་ཚུན་བར་བཙན་དབང་ཧམ་རྩོད་བྱེད་པའི་གནས་བབ་ཆགས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།