ཟི་མུའུ་ཝུའུ་ལི་ཕོར་རྐང་བཞི་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་མུའུ་ཝུའུ་ལི་ཕོར་རྐང་བཞི་མ།
ལི་ཕོར་རྐང་བཞི་མ་ནི་སྤྱི་ལོ1939ལོའི་ཟླ3པར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཝུའུ་ཀན་གྲོང་ཚོའི་ཞིང་པ་རུས་མིང་ལ་ཝུའུ་ཟེར་བ་ཞིག་གིས་གནའ་རྫས་བཙལ་སྐབས་རྙེད་པ་ཡིན་ལ། གནའ་རྫས་བརྟག་དཔྱད་པས་བརྟག་པ་ལྟར་ན་ལི་ཕོར་འདི་ནི་ཧྲང་རྒྱལ་བོ་ཙུའུ་ཀུན་ཞེས་པ་དེས་རང་གི་ཡུམ་ཝུའུ་ལ་དུར་མཆོད་ཀྱི་ཆེད་དུ་བཟོས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四母戊鼎
གསར་རྙེད་བྱུང་གནས།
ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཝུའུ་ཀན་གྲོང་ཚོ།
རྒྱལ་རབས།
ཧྲང་རྒྱལ་རབས།
མཐོ་ཚད།
ལི་སྨི133
ཁའི་མཐའ་སྐོར་རིང་ཚད།
ལི་སྨི110
ཞེང་།
ལི་སྨི78
རྐང་པའི་མཐོ་ཚད།
ལི་སྨི46
འགྲམ་གྱི་མཐུག་ཚད།
ལི་སྨི
ལྗིད་ཚད།
སྤྱི་རྒྱ875
1 ​ངོ་སྤྲོད་མདོར་བསྡུས། 

ལི་ཕོར་རྐང་བཞི་མ་ནི་སྤྱི་ལོ1939ལོའི་ཟླ3པར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཝུའུ་ཀན་གྲོང་ཚོའི་ཞིང་པ་རུས་མིང་ལ་ཝུའུ་ཟེར་བ་ཞིག་གིས་གནའ་རྫས་བཙལ་སྐབས་རྙེད་པ་ཡིན་ལ། གནའ་རྫས་བརྟག་དཔྱད་པས་བརྟག་པ་ལྟར་ན་ལི་ཕོར་འདི་ནི་ཧྲང་རྒྱལ་བོ་ཙུའུ་ཀུན་ཞེས་པ་དེས་རང་གི་ཡུམ་ཝུའུ་ལ་དུར་མཆོད་ཀྱི་ཆེད་དུ་བཟོས་པ་རེད། ཟི་མུའུ་ཝུའུ་ལི་ཕོར་ནི་ཀྲུང་གོའི་ལི་ཆས་ཆེས་བཟང་ཤོས་ཀྱི་མཚོན་བྱེད་ལྟ་བུ་དང་། འཛམ་གླིང་སྟེང་ཆེས་ལྗིད་པའི་ལི་ཆས་ཀྱང་རེད་དེ། མཐོ་ཚད་ལ་ལི་སྨི133དང་། ཁའི་མཐའ་སྐོར་རིང་ཚད་ལ་ལི་སྨི110དང་ཞེང་ལ་ལི་སྨི78། རྐང་པའི་མཐོ་ཚད་ལ་ལི་སྨི46དང་འགྲམ་གྱི་མཐུག་ཚད་ལ་ལི་སྨི6། ལྗིད་ཚད་ལ་སྤྱི་རྒྱ875ཡོད། ལི་ཆས་དེ་ཧྲང་རྒྱལ་རབས་ཀྱི་བཟོ་བས་ལི་རྫ་ལེབ་མོ20ཡིས་བཞུ་བླུགས་བྱས་པ་དང་། བཟོ་བཀོད་ཞིབ་ཅིང་ཕྲ་བས་ལི་ཆས་བཞུ་བླུགས་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་མཚོན་ཐུབ། གནའ་རྫས་རྩ་ཆེན་དེ་ད་ལྟ་ཀྲུང་གོའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད། 

བརྡ་འགྲེལ་གདོང་འཛར།

ལི་ཕོར། བཟོ་བཀོད། གནའ་རྫས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།