ཞ་ཧྲང་ཀྲོའུ་ཡི་ལོ་ཚིགས་ལ་དཔྱད་པའི་ལས་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་དོན་འདི་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཟུང་འབྲེལ་དང་། རིག་ཚན་གཞན་དག་གི་རིགས་ལམ་སྣེ་མང་མཉམ་འབྲེལ་སྒོས་ཞ་ཧྲང་ཀྲོའུ་ཡི་ལོ་རབས་ཀྱི་གནད་དོན་ཐག་གཅོད་པའི་ལས་དོན་ཞིག་སྟེ། དེ་ལ་ཞིབ་འཇུག་ལས་གཞི་ཆེན་པོ9དང་ཆེད་དོན་ཚན་པ44ཕྱེས་ཡོད་པ་ནི་ལོ་རྒྱུས་རིག་པ་དང་གནའ་རྫས་བརྟག་དཔྱད་རིག་པ། སྐར་རྩིས་རིག་པ། ཚན་རྩལ་ལོ་དུས་གཏན་འབེབས་བཅས་རིག་ཚན་བཞིའི་ཁོངས་གཏོགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏商周断代工程
ཕྱི་ཡིག་གི་མིང་།
Xia Shang Zhou Chronology Project
དུས་སྐབས།
སྤྱི་ལོ(1996-2000)ལོ།
1 ​ངོ་སྤྲོད་མདོར་བསྡུས། 

ང་ཚོས་རྒྱུན་པར་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་གི་ཤེས་རིག་ལོ་རྒྱུས་ཡོད་པར་བརྗོད་མོད། དོན་དངོས་སུ་ལོ་རྒྱུས་ཡིག་ཆའི་སྟེང་གསལ་བོར་བཀོད་པའི་ལོ་རྒྱུས་ནི་སྤྱི་ལོ་སྔོན་གྱི841ལོའི་ཡར་སྔོན་དུ་འདེད་ཐུབ་ཀྱིན་ཡོད་པ་མ་རེད། དེའི་ཡར་སྔོན་གྱི་ཞ་དང་ཧྲང་། ཀྲོའུ་ནུབ་མ་བཅས་ཀྱི་ལོ་རྒྱུས་ལ་ཡིག་ཆའི་ཚད་བཀག་ཐེབས་ཡོད་པས་ལྟ་ཚུལ་མི་འདྲ་བ་མང་དུ་ཡོད་པ་ནི་ཀྲུང་གོའི་གནའ་རབས་ཤེས་རིག་ཞིབ་འཇུག་ལས་དོན་ཐད་ལ་བློ་ཕམ་དགོས་པའི་གནས་ཤིག་རེད། དེ་བས་ཞན་ཆ་འདི་ཁ་གསབ་གནང་ཆེད་ཞ་ཧྲང་ཀྲོའུ་ཡི་ལོ་ཚིགས་ལ་དཔྱད་པའི་ལས་དོན་འདི་སྤེལ་དགོས་པ་བྱུང་བ་རེད། 

ལས་དོན་འདི་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཟུང་འབྲེལ་དང་། རིག་ཚན་གཞན་དག་གི་རིགས་ལམ་སྣེ་མང་མཉམ་འབྲེལ་སྒོས་ཞ་ཧྲང་ཀྲོའུ་ཡི་ལོ་རབས་ཀྱི་གནད་དོན་ཐག་གཅོད་པའི་ལས་དོན་ཞིག་སྟེ། དེ་ལ་ཞིབ་འཇུག་ལས་གཞི་ཆེན་པོ9དང་ཆེད་དོན་ཚན་པ44ཕྱེས་ཡོད་པ་ནི་ལོ་རྒྱུས་རིག་པ་དང་གནའ་རྫས་བརྟག་དཔྱད་རིག་པ། སྐར་རྩིས་རིག་པ། ཚན་རྩལ་ལོ་དུས་གཏན་འབེབས་བཅས་རིག་ཚན་བཞིའི་ཁོངས་གཏོགས་པ་རེད། ལས་གཞི་འདི་སྤྱི་ལོ1996ལོར་དངོས་སུ་འགོ་བརྩམས་ནས་སྤྱི་ལོ2000ལོར་བདེན་པར་བརྡར་བ་མ་ཟད། ཞ་ཧྲང་ཀྲོའུ་ཡི་ལོ་ཚིགས་རེའུ་མིག་དེའི་ཁྲོད་དུ་ཞ་རྒྱལ་རབས་འགོ་ཚུགས་པའི་ལོ་ནི་སྤྱི་ལོ་སྔོན་གྱི2070ལོ་དང་། ཞ་དང་ཧྲང་རྒྱལ་རབས་ཀྱི་དུས་མཚམས་ནི་སྤྱི་ལོ་སྔོན་གྱི1600ལོའི་ཡས་མས། ཧྲང་དང་ཀྲོའུ་རྒྱལ་རབས་ཀྱི་དུས་མཚམས་ནི་སྤྱི་ལོ་སྔོན་གྱི1046ལོར་གཏན་ལ་ཕབ་པའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།