ཧོམ་ཏུའུ་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོམ་ཏུའུ་རིག་གནས།
ཧོམ་ཏུའུ་རིག་གནས་ནི་ཀྲུང་གོའི་འབྲི་ཆུའི་སྨད་རྒྱུད་ས་ཁུལ་གྱི་རིག་གནས་ཏེ། སྤྱི་ལོ1973ལོར་ཧོམ་ཏུའུ་སྡེ་བ་ནས་གསར་རྙེད་བྱུང་བས་མིང་དེ་ལྟར་ཐོགས་ལ། སྤྱི་ལོ་སྔོན་གྱི་ལོ་ངོ5000ནས3000བར་གྱི་ཤུལ་བཞག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河姆渡人文化
ཕྱི་ཡིག་གི་མིང་།
Hemudu Culture
དུས་སྐབས།
སྤྱི་ལོ་སྔོན་གྱི་ལོ་ངོ(5000-3000)
རྙེད་ལོ།
སྤྱི་ལོ1973ལོ།
ས་གནས།
ཧོམ་ཏུའུ།
1 ​ངོ་སྤྲོད་མདོར་བསྡུས། 

ཧོམ་ཏུའུ་རིག་གནས་ནི་ཀྲུང་གོའི་འབྲི་ཆུའི་སྨད་རྒྱུད་ས་ཁུལ་གྱི་རིག་གནས་ཏེ། སྤྱི་ལོ1973ལོར་ཧོམ་ཏུའུ་སྡེ་བ་ནས་གསར་རྙེད་བྱུང་བས་མིང་དེ་ལྟར་ཐོགས་ལ། སྤྱི་ལོ་སྔོན་གྱི་ལོ་ངོ5000ནས3000བར་གྱི་ཤུལ་བཞག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། གནའ་ཤུལ་འདིའི་ཁྲོད་ནས་རྡོ་ཆས་དང་རུས་ཆས། ལྷག་པར་དུ་རྫ་ནག་མང་པོ་དང་འོག་རིམ་བར་སྟོང་ཅན་གྱི་ཁང་པའི་ཤུལ་ཡང་རྙེད་ལ། ཁྲོན་པ་ཤིང་བཟོས་མ་ཞིག་རྙེད་པ་ནི་ད་སྔ་ངོས་ཟིན་པའི་ཀྲུང་གོའི་ཆེས་གནའ་རབས་ཀྱི་ཁྲོན་པའི་གྲས་ཡིན་པ་རེད། 

2 དཔལ་འབྱོར། 

དུས་སྐབས་དེའི་མི་རྣམས་ཀྱིས་ཆུ་འབྲས་འདེབས་པ་སོགས་ཞིང་ལས་གཉེར་བར་མ་ཟད། ཕག་དང་ཁྱི། ཆུ་གླང་སོགས་སྒོ་ཕྱུག་གཉོར་ལ། མཚམས་རེར་རི་དྭགས་ཀྱང་རྔོན་པ་རེད། 

3 ཁྱབ་ཚུལ།

སྤྱི་ལོ1982ལོར་གནའ་ཤུལ་འདི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་བདམས་པ་དང་། སྤྱི་ལོ1993ལོའི་ཟླ་ལྔ་པར་ཧོམ་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དངོས་སུ་བཙུགས། ཧོམ་ཏུའུ་རིག་གནས་གསར་རྙེད་བྱུང་བ་དང་གཏན་དུ་འཁེལ་བ་དེས་ཀྲུང་གོའི་རྡོ་ཆས་རྙིང་བའི་དུས་སྐབས་ཀྱི་གནའ་རྫས་རྟོག་དཔྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་འབྲི་ཆུའི་འབབ་རྒྱུད་ཀྱང་རྨ་ཆུའི་འབབ་རྒྱུད་དང་འདྲ་བར་ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་གསལ་བཤད་བྱས་པ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།