ལི་ཀུའོ་ཆིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཀུའོ་ཆིང་།
ལི་ཀུའོ་ཆིང་ནི་སྤྱི་ལོ1941ལོར་སྐྱེས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་འཁུར་ཡོད་ལ། 《བོད་ལྗོངས་དོན་ཆེན་ཟིན་ཐོ》སོགས་བརྩམས་ཆོས་གྲགས་ཅན་སྐོར་ཞིག་རྩོམ་སྒྲིག་གནང་ཡོད་ཅིང་། ད་ལྟ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李国清
རྒྱལ་ཁོངས།
ཀྲུང་གོ
སྐྱེས་ལོ།
སྤྱི་ལོ1941ལོ།
མི་རིགས།
རྒྱ།
ལས་རིགས།
བོད་རིག་པ་ཞིབ་འཇུག་མཁན།
1 ངོ་སྤྲོད།

ལི་ཀུའོ་ཆིང་ནི་སྤྱི་ལོ1941ལོར་སྐྱེས་ཤིང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་འཁུར་ཡོད་ལ།  《བོད་ལྗོངས་དོན་ཆེན་ཟིན་ཐོ》སོགས་བརྩམས་ཆོས་གྲགས་ཅན་སྐོར་ཞིག་རྩོམ་སྒྲིག་གནང་ཡོད་ཅིང་།  ད་ལྟ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཡིན།  

2 རྩོམ་སྒྲིག

《བོད་ལྗོངས་དོན་ཆེན་ཟིན་ཐོ་སྤྱི་ལོ1949—1981ལོའི་བར》(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ1984ལོའི་སྤྱི་ཟླ10བའི་ནང་པར་དུ་བསྐྲུན)

《བོད་ལྗོངས་ཀྱི་གནས་ཚུལ་ངོ་སྤྲོད་རགས་བསྡུས》(སྤྱི་ལོ1985ལོར་ནང་ཁུལ་ནས་པར་དུ་བསྐྲུན)

《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བབ་མདོར་བསྡུས》(མཉམ་སྒྲིག  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ1983ལོར་པར་དུ་བསྐྲུན)སོགས་ཡོད།

3 རྩོམ་སྒྲིག་འགན་འཁུར་གནང་བའི་དཔེ་དེབ།

《བོད་ལྗོངས་ལོ་རྒྱུས་གནད་བསྡུས》(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང)

《བོད་སྡོད་ཨམ་བན་གྱི་ཞུ་ཡིག》    (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང)

《གསོ་རིག་རྒྱུད་བཞིའི་བསྒྱུར་འགྲེལ》(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང)སོགས་དེབ་བཅུ་ལྷག་ཡོད།

4 དཔྱད་རྩོམ།

《འདས་པ་དང་ད་ལྟའི་བོད་ལྗོངས་བརྒྱུད་ནས་བོད་ལྗོངས་ཀྱི་མིའི་ཐོབ་ཐང་ལ་ལྟ་བ》(སྤྱི་ལོ1991ལོའི་སྐབས4བའི《ཐོས་བརྩོན་དང་ཞིབ་འཇུག》སྟེང་བཀོད་ཡོད)

《ཀྲུང་གོའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས》(སྤྱི་ལོ1993ལོའི་སྤྱི་ཟླ3པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས49བའི་མིའི་ཁེ་དབང་ཚོགས་འདུའི་སྟེང་བཤད་པའི་གཏམ་བཤད)

《བོད་རིག་པའི་ཞིབ་འཇུག་ཀྲུང་གོ་ན་ཡོད》(སྤྱི་ལོ1998ལོའི་སྤྱི་ཟླ7པར་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་སྟེང་བཤད་པའི་གཏམ་བཤད)སོགས་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-20

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།